[A:༦༥བ]དབོན་པོ་ལ་གདམས་པ། ཤེས་རབ་གྲུབ་པ་ལ་གདམས་པ། ཀ་དྲུག་པ་ལ་གདམས་པ། དགེ་བའི་བཤེས་གཉེན་ཤཱཀྱ་བཟང་པོ་ལ་གདམས་པ། སྟག་ལུང་པ་སངས་རྒྱས་དཔལ་ལ་གདམས་པ། ཤཱཀྱ་བཟང་པོ་ལ་གདམས་པ། བཤེས་གཉེན་ནམ་མཁའ་གྲུབ་པ་ལ་གདམས་པ། དབོན་པོ་བྱང་པ་ལ་གདམས་པ། བསོད་ནམས་དཔལ་ལ་གདམས་པ། རས་རྐྱང་པ་རྒྱལ་མཚན་དར་མ་ལ་གདམས་པ། སློབ་དཔོན་དཔལ་ཡེ་ཤེས་ཀྱིས་བསྐུལ་བའི་དམ་བཅའ་དང་སྨོན་ལམ། དམ་ཆོས་ཚུལ་བཞིན་བསྒྲུབ་པའི་མན་ངག བཤེས་གཉེན་རབ་རྩེ་ལ་གདམས་པ། ཕ་ཇོ་གཡུང་དྲུང་དཔལ་ལ་གདམས་པ། རྟེན་གྱི་དཀར་ཆག ལོ་རྒྱུས་གཉིས། ནང་གི་ལོ་རྒྱུས། མདོ་སྡེ་རྒྱན། རྒྱུད་བླ་མ། སྤྱོད་འཇུག་གསུམ་གྱི་ཊིཀྐའི་དབུ་ཞབས་ཀྱི་ཚིགས་བཅད། ཟླ་བཟང་གི་དོན་དུ་མཛད་པའི་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། རྒྱལ་སྲས་ཐོགས་མེད་པ། འགྲོ་མགོན་ཚུལ་ཁྲིམས་དཔལ། མཁན་ཆེན་གཞོན་ནུ་རྒྱལ་མཆོག མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། པཎ་ཆེན་ནམ་མཁའ་དབང་ཕྱུག ཆོས་རྗེ་དཔལ་འབྱོར་རིན་ཆེན། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །རྒྱལ་སྲས་པའི་རྣམ་ཐར་འགྲོ་མགོན་དཔལ་ཡེས་མཛད་པའི་ལུང་ཡང་ཐོས། ༈ །དཔལ་ལྡན་བླ་མ་དམ་པ་འདྲེན་མཆོག་ཆོས་ཀྱི་སྤྱན་ལྡན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་གྱི་ལུང་ཐོབ་པའི་རྣམ་