[A:༦༦ན]གྲངས་ལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ་གསུམ། སྡོམ་གསུམ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་སྔ་ཕྱི་གཉིས། གསུང་ངག་སོགས་ཀྱི་བརྒྱུད་འདེབས་ཀྱི་ཁ་སྐོང་ཚན་པ་ལྔ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དཔལ་ལ་བསྟོད་པ་གཉིས། དཀོན་མཆོག་གསུམ་བསྟན་བསྲུང་དང་བཅས་པ་ལ་བསྟོད་པ། མཁན་པོ་བོ་དྷི་ས་ཏྭ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན། ཇོ་བོ་རྗེ་རྣམས་ལ་བསྟོད་པ་རེ་རེ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པའི་རྣམ་ཐར། བླ་མ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར། ཟབ་མོ་བླ་མའི་རྣལ་འབྱོར། གསུང་ངག་རིན་པོ་ཆེ་ཁྲིད་ཀྱི་ཟིན་བྲིས་ཆེ་ཆུང་གཉིས། ཀྱཻ་རྡོ་རྗེའི་མངོན་རྟོགས། དེའི་གཏོར་ཆོག ལུས་དཀྱིལ་གྱི་སྒྲུབ་ཐབས་སྔ་ཕྱི་གཉིས། དབང་ཆུ་གསལ་བའི་མེ་ལོང་། ས་ཆོག་གི་ལག་ལེན། སོ་ཤིང་སོགས་ཀྱི་དགོས་པ་བཤད་པ། བསྐྱེད་རིམ་གྱི་གྲུབ་མཐའི་ཤན་འབྱེད། དེ་ལས་འཕྲོས་པའི་རྣོ་ཆ། དྲིལ་བུ་ལུས་དཀྱིལ་གྱི་བཤད་པ། ལཱུ་ནག་དྲིལ་གསུམ་གང་ཟག་གཅིག་གིས་ཉམས་སུ་ལེན་ཚུལ། ནག་པོ་པའི་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་ཀྱི་གསལ་བྱེད། ལཱུ་ནག་དྲིལ་གསུམ་གྱི་བུམ་བསྐྱེད། བདེ་གཤེགས་ས་བཟུང་གི་ལག་ལེན། འདུས་པ་འཕགས་ལུགས་ཀྱི་དཀྱིལ་ཆོག་གི་གསལ་བྱེད། འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་བཤད་པ་འཆི་བདག་འཇོམས་པའི་བསྙེན་པ་དང་། ཚེ་སྒྲུབ་ཀྱི་མན་ངག སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོའི་གསན་ཡིག གཙུག་ཏོར་དྲི་མེད་ཀྱི་ཆོ་གའི་ལག་ལེན། ཚ་ཚའི་རབ་གནས་མདོར་བྱས་པ། འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་པའི་སྒྲུབ་ཐབས། རང་