[A:༦༨ན]ཏིང་འཛིན་སྒོ་བརྒྱར་ལྡང་ཞིང་འཇུག །
བྷ་ཝ་མ་ཏུ་སྱ་སྡྱི་ཏི་ཨ་ཧ་ཨཱུ་ན་མེ།སྲིད་པ་ཉམ་ངའི་གནས་འདིར་དམན་བདག་ལ། །
ཨ་ཏྭཾ་ཤ་ར་ཨ་ནྱ་ཨཱུ་ན་ན་ཨསྟི།ཁྱོད་མིན་སྐྱབས་གཞན་ཅུང་ཟད་མ་མཆིས་སོ། །
ཨེ་བ་ཨེ་བ་ཨ་ཤ་ནིར་སརྦ་ཐཱ།དེ་ལྟ་ཉིད་ན་དེང་ནས་རྣམ་ཀུན་ཏུ། །
༢ ཀུ་རུ་ཎ་སྱ་ཨ་བ་ལོ་ཀི་ནི་ན་ཨཱ་ལ་པ་པྲ་པ་དནྟུ།ཐུགས་རྗེའི་གཟིགས་པ་གཡེལ་མེད་བཀའ་དྲིན་མཛོད། །
༣ ཁྱབ་བདག་རྡོ་རྗེ་འཆང་དབང་མུས་པ་རྗེ། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་ཁྱོད་ཀྱི། །མཚན་གྱི་ཡི་གེ་རྣ་བར་ལྷུང་ཙམ་གྱིས། །རབ་དགའི་ས་ཐོབ་པས་ཀྱང་མི་འགྲན་པའི། ༤ །དགའ་སྤྲོ་ཏིང་འཛིན་བརྟན་པོས་བདག་རྒྱུད་གཏམས། །མཐོང་བ་མེད་ཀྱང་རྣམ་པ་བློ་ཡུལ་དུ། །ཝལ་ཝལ་དྲན་པ་ཉིན་མོའི་ཆ་ཀུན་དང་། །མཚན་དུས་རྨི་ལམ་དུ་ཡང་བརྗེད་མ་གྱུར། ༥ །ཨེ་མ་དུས་གསུམ་སྒྲིབ་མེད་གཟིགས་པ་ཡིས། །འཇིགས་རུང་སྲིད་མཚོ་སྒྲོལ་བའི་དེད་དཔོན་དེའི། །ཞལ་མཐོང་གསུང་གི་བདུད་རྩི་ཐོབ་པ་ཞིག །ནམ་ཞིག་འབྱུང་སྙམ་སེམས་པ་ཁོ་ན་ལས། ༦ །ཡིད་ལ་བྱ་བའི་སྐབས་གཞན་འཕྲོགས་གྱུར་ཏེ། །མགོ་ལ་མེ་ཤོར་བཟློག་ལྟའི་བརྩོན་འགྲུས་ཀྱིས། །དེ་དོན་བསྒྲུབ་པའི་ཐབས་ལ་རབ་བརྩོན་པས། །ཤུགས་རིང་ལམ་གྱི་ངལ་བ་ཇི་སྙེད་པ། ༧ །ཇི་མི་སྙམ་པའི་དགའ་སྤྲོའི་ངང་དུ་གནས། །དེ་ཉིད་ཚེ་ན་རྟེན་འབྲེལ་གཞན་དབང་འགས། །ལུས་ནི་དཔལ་ལྡན་ས་སྐྱར་གནས་མོད་ཀྱང་། །སེམས་ནི་རིགས་ཀྱི་བདག་པོ་མུས་པ་རྗེའི། ༨ །ཕྱོགས་སུ་ཡང་ཡང་རྒྱུག་ལ་ངལ་བ་མེད། །དེ་ནས་ཡུན་རིང་མ་ལོན་མགོན་ཁྱོད་ཀྱི། །ཐུགས་རྗེས་མངོན་སུམ་ཞལ་མཐོང་གསུང་ཐོས་པའི། །སྐལ་པ་ཐོབ་ཚེ་འདི་འདྲའི་ངོ་