[A:༦༧བ]མདོར་བསྡུས། ཉིན་ཞག་ཕྲུགས་རེའི་ཐུགས་དམ་ཉམས་ལེན་གྱི་ཐོ། གཅོད་ཁྲིད་གདན་ཐོག་གཅིག་མའི་ཉམས་ལེན། གླིང་དགའ་བདེ་བ་ཅན་གྱི་བཅའ་ཡིག མདོ་ཁམས་ལ་འབུལ་བསྡུད་གནང་བའི་ཡི་གེ དགེ་བསྙེན་གྱི་སྡོམ་པ་འབོག་པའི་ཆོ་ག བསྔོ་བ་སྨོན་ལམ་བྱ་ཚུལ་རྣམས་སོ། །དེ་དག་གི་བརྒྱུད་པ་ནི། འཇམ་དབྱངས་སངས་རྒྱས་རིན་ཆེན། མུས་ཆེན་དཀོན་མཆོག་རྒྱ་མཚོ། རྗེ་བཙུན་དམ་པ་ཆོས་དབང་ཕྱུག ཕྱི་མ་གཉིས་ཀ་ལ་བདག་ཅག་གི་བླ་མ་འབྲེལ་ཚད་དོན་ལྡན་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་བརྒྱུད་པ་ལུགས་གཅིག་ནི། འཇམ་དབྱངས་སངས་རྒྱས་རིན་ཆེན། མཁན་ཆེན་ནམ་མཁའ་སངས་རྒྱས། རྗེ་བཙུན་ཆོས་དབང་པ། ཆོས་རྗེ་དགེ་འདུན་དབང་ཕྱུག རྗེ་མུས་པ་ཆེན་པོའི་ཐུགས་སྲས་དམ་པ་བིཀྵུ་པཎྜི་པ་ཏ། དེ་དག་ལས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཐོས་པའོ། །འདིར་སྨྲས་པ། ཤྲཱི་མཱན་ཏྲི་ལོ་ཀ་ན་ཐཱ་ཧི་ཏ་སུ་ཁ་ནི་དྷིཾ།
དཔལ་ལྡན་འཇིག་རྟེན་གསུམ་མགོན་ཕན་བདེའི་གཏེར། །
ཛ་ཡ་ཤ་ས་ན་པ་རི་པཱུརྞ་བྷ་ཥ་པཱ་དྷ་ཀ་མ་ཧཱ་ར་ཐ།རྒྱལ་བསྟན་ཡོངས་རྫོགས་བཤད་སྒྲུབ་ཤིང་རྟ་ཆེ། །
ཙཀྲ་ཤྭ་ར་ན་ཡ་ཀ་ཝ་ར་བཛྲ་དྷ་ར།འཁོར་ལོའི་དབང་ཕྱུག་འདྲེན་མཆོག་རྡོ་རྗེ་འཆང་། །
བྷཊྚ་ར་ཀ་བུདྡྷ་དྷྭ་ཛ་པཱ་ད་ན་མ།རྗེ་བཙུན་སངས་རྒྱས་རྒྱལ་མཚན་ཞབས་ལ་འདུད། །
༡ ཨ་ཧཾ་བ་ན་ཨནྟར་ཨ་ར་ཎྱ་ན་ཐ་ཏ་བ།བདག་རང་ནགས་ནང་དབེན་པར་མགོན་ཁྱོད་ཀྱི། །
པཱ་ད་ར་ཛཱ་ཧྲཱི་ད་ཡ་སྱ་པདྨེ་པ་ཏ་ཤཱ་ཧ་ཏ།ཞབས་རྡུལ་སྙིང་གི་པདྨར་རྟག་བཀོད་དེ། །
ས་ཁ་བི་ལ་མཀྵེ་ཀེ་བ་ལ་དི་བཱ་ར་ཏྲི་ཏྲ།བསམ་ཡས་རྣམ་ཐར་འབའ་ཞིག་ཉིན་མཚན་དུ། །
ཨུ་པཱ་ཙི་ཏཱ་ས་མ་ཏི་ཤ་ཏ་མུ་ཁ་ཨུནྡྷ་ནཱ་བརྡྷ་ན།ཉེར་སེམས་