[A:༣བ]པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཡར་ལུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། མཚུངས་མེད་ནམ་མཁའ་བློ་གྲོས། ཆག་ལོ་ཙཱ་བ་རིན་ཆེན་ཆོས་ཀྱི་རྒྱལ་པོ། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཉེ་བརྒྱུད་ནི། དཔལ་ཧེ་རུ་ཀ སློབ་དཔོན་ཧཱུྃ་ཀ་ར། སློབ་དཔོན་པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་བསྲུང་བ། འཁོན་རྡོ་རྗེ་རིན་ཆེན་མན་གོང་བཞིན་ནོ། །ཡང་ན་ས་ཆེན་ཀུན་དགའ་སྙིང་པོ་ནས། གན་པ་སྟོན་དར། གན་པ་ཤེས་རབ་བློ་གྲོས། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་ཆེན་རྒྱལ་མཚན་མན་གོང་དང་འདྲའོ། །དེའི་སྒྲུབ་ཐབས་རིམ་པ་གསལ་བ་དང་། དཀྱིལ་ཆོག་བློ་དམན་དགའ་བ་སྐྱེད་བྱེད་དང་། རྡུལ་ཚོན་ལ་བརྟེན་ནས་སྒྲུབ་མཆོད་བྱེད་ཚུལ་རྣམས་སྔགས་འཆང་ཆོས་ཀྱི་རྒྱལ་པོས་མཛད་པ་རྣམས་ཐོས། ཡང་ཕུར་པའི་དཀྱིལ་ཆོག་རྡོ་རྗེ་ལས་རིམ་སློབ་དཔོན་པདྨས་མཛད་པ་ཛྙཱ་ན་ཀུ་མ་རའི་འགྱུར། སྒྲུབ་ཐབས་ཆུང་ངུ་ས་ཆེན་གྱིས་མཛད་པ། སྒྲུབ་ཐབས་ཚིགས་བཅད་མ་རྗེ་བཙུན་གྱིས་མཛད་པར་གྲགས་པ། འགྲོ་མགོན་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་རྒྱས་པ་བཀླགས་པས་དོན་གྲུབ། འབྲིང་པོ་དོན་གྲུབ་སྙིང་པོ། བསྡུས་པ་ཡང་སྙིང་ལྷན་སྐྱེས་དཀྱིལ་ཆོག་རྟོགས་པར་སླ་བ། དེའི་ལྷན་ཐབས་རིན་པོ་ཆེའི་དོ་ཤལ་དང་། སྒྲུབ་