R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]ཐབས་ཆུང་ངུ་ས་ལོས་མཛད་པ། ཡང་དཀྱིལ་འཁོར་གྱི་ཆོ་ག་བློ་གྲོས་ཁ་འབྱེད་དང་། དབང་གི་མཚམས་སྦྱར་བློ་གསལ་དགའ་བསྐྱེད་སྔགས་འཆང་ཆོས་ཀྱི་རྒྱལ་པོས་མཛད་པ་ཐོས་སོ། ༈ །ཡང་རྡོ་རྗེ་འཇིགས་བྱེད་ས་ལུགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་འཇམ་དཔལ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། བྲམ་ཟེ་དཔལ་འཛིན། གྲུབ་ཆེན་ནཱ་རོ་པ། ཨ་སྡྱུ་ལ་བཛྲ། བྷ་རོ་ཕྱག་རྡུམ། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། བླ་ཆེན་བསོད་ནམས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་དཔལ་བཟང་། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་རཏྣ་ཝརྡྷ། རྗེ་ལྷ་མཆོག་སེང་གེ རྗེ་བུདྡྷ་སིངྷ། རྗེ་ནམ་མཁའ་དཔལ་བཟང་། འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འདྲེན་མཆོག བྱ་བཏང་ཀུན་དགའ་མཆོག་ལྡན། རྗེ་བུདྡྷ། རྗེ་ནམ་མཁའ་དཔལ་བཟང་མན་འདྲ། སྒྲུབ་ཐབས་དང་དཀྱིལ་ཆོག་ཀུན་མཁྱེན་གྱིས་མཛད་པའི་ལུང་ཐོས་སོ། ༈ །ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་ཐོབ་པ་ལས། ཐོག་མར་ཏོག་རྩེ་པའི་བསམ་མི་ཁྱབ་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྟ་མཆོག
མདའ་ཅན།
བཱི་ཎ་བ།
་པི་ཝང་འཛིན།
རྒྱལ་པོ་ཨིནྡྲ་བྷུ་ཏི། ཕུན་ཚོགས་ཞབས། གྲུབ་ཆེན་སྒེག་