[A:༡༣བ]ཡོངས་རྫོགས་ཀྱི་ལུང་རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་ལས་ཇི་ལྟར་གསན་པ་བཞིན། དེའི་སྐུའི་དབོན་པོ་རྗེ་དཀོན་མཆོག་དཔལ་ལྡན་དྲུང་དུ་ཨེ་ཝཾ་གཡབ་ཁྲར་རྗེ་གྲུབ་མཆོག་དབང་པོ་ཉིད་ཀྱིས་གསན་གསུངས། ༈ །རྗེས་གནང་གི་སྐོར་ལ། ཐོག་མར་སྒྲུབ་ཐབས་ཀུན་ལས་བཏུས་སམ། རྒྱ་མཚོར་གྲགས་པའི་རྗེས་གནང་རྣམས་རྫོགས་པར་ཐོབ་པའི་རྣམ་གྲངས་ལ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་སྒྲུབ་ཐབས་པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། དཔལ་རྡོ་རྗེ་གདན་གྱི་མན་ངག་གི་ཆོ་ག དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡང་དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ། ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས། དཔལ་ལྡན་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། ཡང་ཡི་གེ་དྲུག་པའི་སྒྲུབ་ཐབས། ཁརྶ་པ་ཎི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྙོག་པ་མེད་པས་མཛད་པ། པོ་ཏ་ལ་ཁརྶ་པ་ཎིའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ། ཁརྶ་པ་ཎིའི་སྒྲུབ་ཐབས་སློབ་དཔོན་བདེ་བྱེད་ཀྱིས་མཛད་པ། དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཨ་ནུ་པ་མ་རཀྵི་ཏས་མཛད་པ། དཔལ་ལྡན་མཁའ་སྤྱོད་ཀྱི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས་པཎྜི་ཏ་འཇིགས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཡང་སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་སེང་གེ་སྒྲའི་སྒྲུབ་