R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣ན
[A:༡༣ན]པ་ལས། མདོ་རྒྱུད་བསྲེ་བའི་བརྒྱུད་པ་ནི། སློབ་དཔོན་ཤནྟི་པ། འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག ཞག་དགོན་པ་བ། ས་ཆེན། རྗེ་བཙུན། ས་པཎ། ལུང་ཕུ་བ། བསྒོམ་པ་ནམ་བསོད། མཁས་བཙུན་གཞོན་ནུ་གྲུབ། ཞན་སྟོན་བྱང་ཤེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ཚུལ་བ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་དཀོན་རྒྱལ། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། དེ་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་རྗེ་དཀོན་མཆོག་དཔལ་ལྡན་གཉིས་ཀས་གསན། དེ་གཉིས་ཀ་ལ་གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །བར་ཆད་གསུམ་སེལ་གྱི་བརྒྱུད་པ་ནི། ཛྙཱ་ན་ཤྲཱི། ཤེས་རབ་འབྱུང་གནས། རིན་ཆེན་རྡོ་རྗེ་གསུམ་ལ་འབྲོག་མིས་གསན། དེ་ལ་བསྒོམ་ཆེན་སེ་རོག་གཉིས་ཀས་གསན། དེ་ལ་གཉོས། ཡེར་པ་བསྒོམ་སེང་། གྲུབ་ཐོབ་ལྷ་འབར། ཁ་རག་བསྒོམ་པ། ལུང་ཕུ་བ་སོགས་སྔ་མ་ཇི་བཞིན་ནོ། ༈ །གཉུག་མ་དྲན་གསལ་གྱི་བརྒྱུད་པ་ནི། སྒྲོལ་མ། ངག་དབང་གྲགས་པ། འབྲོག་མི། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། རྗེ་བཙུན་ས་པཎ། ལུང་ཕུ་བ་སོགས་སྔར་བཞིན་ནོ། ༈ །སྡུག་བསྔལ་གསུམ་སེལ་གྱི་བརྒྱུད་པ་ནི། རྗེ་བཙུན་ནཱ་རོ་པ། འབྲོག་མི། འཁོན་དཀོན་མཆོག་རྒྱལ་པོ། གསལ་བའི་སྙིང་པོ། སྒྱི་ཆུ་བ། ས་ཆེན། རྗེ་བཙུན་ལ་སོགས་གོང་བཞིན་ནོ། ༈ །པོད་དམར་ལ་དཀར་ཆག་ནང་བཞིན་