[A:༡བ] རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སྱ་ནཱ་ཐ་དཱ་ན་ཀིརྟི་ནཱ་མ་ཏི་ཤིཀྵྱ་ཤཱི་ལེ་ན་སྱ་རུ་ཙི་ར་མ་མ་ན་མ། བོད་སྐད་དུ། དཔལ་འཁོར་ལོའི་མགོན་པོ་སྦྱིན་པ་གྲགས་པ་ཞེས་བྱ་བའི་བསླབ་གསུམ་ཁྲིམས་ཀྱིས་མཛེས་པ་དེ་ལ་བདག་འདུད་དོ། །ཤ་ཆང་སྤངས་སོགས་ཚུལ་ཁྲིམས་རྣམ་དག་ཅིང་། །བདག་པས་གཞན་གཅེས་འབྱོངས་པའི་སེམས་དཔའ་ཆེ། །སྦྱིན་པ་ལ་སོགས་ཚོགས་གཉིས་མཐར་ཕྱིན་པའི། །སྙན་པའི་གྲགས་པ་གསལ་དེར་ཕྱག་བགྱི་འོ། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་ཆོས་ཀྱི་རྗེ་སྡོམ་བརྩོན་རིགས་སྔགས་འཆང་བ་སྦྱིན་པ་གྲགས་པའི་དྲུང་དུ། དམ་པའི་ཆོས་ཀྱི་བཀའ་དྲིན་མནོས་པའི་ཚུལ་ནི། ཐོག་མར། ༈ ཆོས་རྒྱལ་མའི་འདོན་ཐབས་སུ་གྲགས་པའི་འཇམ་དབྱངས་ས་པཎ་སྦྲགས་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ། མཁན་ཆེན་གཡག་ཕྲུག་