R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢ན
[A:༢ན]སངས་རྒྱས་དཔལ། རོང་སྟོན་ཤེས་བྱ་ཀུན་རིག ཀུན་མཁྱེན་སངས་རྒྱས་འཕེལ། ཆོས་རྗེ་ཀུན་དགའ་ཆོས་བཟང་། རྗེ་ནོར་བུ་ཕུན་ཚོགས། རྗེ་ལྷ་དབང་བློ་གྲོས། ཆོས་རྗེ་བློ་གྲོས་རབ་ཡངས། ཆོས་རྗེ་སངས་རྒྱས་རྒྱ་མཚོ། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཆོས་རྗེ་སངས་རྒྱས་རྒྱ་མཚོས་མཛད་པའི་འཇམ་དབྱངས་ས་པཎ་སྦྲགས་སྒྲུབ་ཀྱི་ཡིག་ཆའི་ལུང་ཡང་ཐོབ། ༈ །མ་ཅིག་གྲུབ་པའི་རྒྱལ་མོ་ལུགས་ཀྱི་ཚེ་དབང་བྱིན་རླབས་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། མ་ཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་བ། རས་ཆུང་བ། མི་ལ་རས་པ། དྭགས་པོ་ལྷ་རྗེ། མཐའ་ཙ་བ། འབྲི་ཁུང་པ། སྤྱན་སྔ་བ། ཡང་དགོན་པ། སྤྱན་སྔ་རིན་ཆེན་དཔལ། རྗེ་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ། ཆོས་རྗེ་