R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣ན
[A:༣ན]བསྐུར་བ་ཐོབ་པའི་བརྒྱུད་པ་ནི། འོག་མིན་ཆེན་པོར་སངས་རྒྱས་རྡོ་རྗེ་འཆང་། །ཟག་མེད་སྒྱུ་མར་རྡོ་རྗེ་བདག་མེད་མ། །སོ་ཝ་ན་ཐར་རྣལ་འབྱོར་དབང་ཕྱུག་ཆེ། །ཨུ་ཙ་ཡ་ནར་བརྟུལ་ཞུགས་ནག་པོ་པ། །ཀན་པ་གླིང་དུ་གྲུབ་ཆེན་ཌ་མ་རུ། །མཁའ་འགྲོ་རྫོང་དུ་ཨ་ཝ་དྷུ་ཏི་པ། །ཁ་རག་ཐོད་བུར་ག་ཡ་དྷ་རའི་ཞབས། །མུ་གུ་ལུང་དུ་སྒྲ་བསྒྱུར་འབྲོག་མི་རྗེ། །མཁར་ཆུ་ཆུ་ཁར་སེ་སྟོན་ཀུན་རིག་ཞབས། །སག་ཐང་དིང་དུ་ཞང་སྟོན་དགོན་པ་བ། །ཁ་གདང་གནས་སུ་བླ་ཆེན་ས་སྐྱ་པ། །ཆུ་མིག་རྫིང་ཁར་བླ་ཆེན་བསོད་ནམས་རྩེ། །སྒོ་རུམ་གནས་སུ་རྗེ་བཙུན་གྲགས་པའི་ཞབས། །བྱང་ངོས་སྤྲུལ་སྡེར་ས་སྐྱ་པཎྜི་ཏ། །ལྷ་ཁང་ལྷོ་རུ་འཕགས་པ་རིན་པོ་ཆེ། །སྐྱེད་འཕྲང་གནས་སུ་ཞང་སྟོན་དཀོན་མཆོག་དཔལ། །ན་བཟའ་བྲག་ཕུག་དགོན་པར་བསོད་ནམས་དཔལ། །བསམ་ཡས་དཀར་པོར་འགྲོ་