R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]མགོན་བསོད་ནམས་མཚན། །བྱང་ཆུབ་རྫོང་དུ་མཚུངས་མེད་བློ་གྲོས་བརྟན། །ཤར་སྟོད་གནས་སུ་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཞེ་དགོན་གོང་མར་གྲུབ་ཆེན་བུདྡྷ་ཤྲཱི། །ཨེ་ཝྃ་དགོན་པར་ཀུན་མཁྱེན་ཀུན་དགའི་མཚན། །བསམ་གཏན་ཕུག་ཏུ་མུས་ཆེན་སེམས་དཔའ་ཆེ། །བྱང་ཆུབ་གླིང་དུ་རྗེ་བཙུན་ཀུན་དབང་པ། །ཨེ་ཝྃ་ཐར་རྩེར་རྗེ་བཙུན་དཀོན་མཆོག་འཕེལ། །བདེ་བ་ཅན་དུ་སངས་རྒྱས་རིན་ཆེན་ཞབས། །དཔལ་ལྡན་ས་སྐྱར་འཇམ་དབྱངས་ཆོས་ཀྱི་རྗེ། །ཨེ་ཝྃ་གནས་སུ་དཀོན་མཆོག་ལྷུན་གྲུབ་མཚན། །ཐར་པ་རྩེ་རུ་སངས་རྒྱས་སེང་གེའི་ཞབས། །ཡོལ་དགོན་གནས་སུ་བློ་གྲོས་ཆོས་འཕགས་པ། །མངའ་རིས་དགོན་པར་ཀུན་དགའ་ལུང་རིགས་ཞབས། །དབེན་གནས་ནགས་དགོན་ཡང་རྩེར་སྦྱིན་པ་གྲགས། །དེ་ཡིས་རྗེས་བཟུང་ངག་དབང་ཀུན་བསོད་དོ། །ཡང་ན་ཆོས་རྗེ་ས་སྐྱ་པཎ་ཆེན་ནས། །སྤྱི་མོ་ལུང་དུ་ཚོགས་བསྒོམ་ཀུན་དགའ་དཔལ། །ཉན་པོ་གོང་མར་ཉན་ཆེན་བསོད་ནམས་བརྟན། །དཀར་པོ་བྲག་ཏུ་རིན་ཆེན་སེང་གེའི་ཞབས། །བླ་མ་དཔལ་ལྡན་པ་མན་གོང་དང་འདྲ། །ཡང་ན། མུས་ཆེན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། གསུམ་ཀས་རྗེས་སུ་བཟུང་བ་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་མུས་ཆེན། ཀུན་མཁྱེན་གཉིས་ཀས་རྗེས་སུ་བཟུང་བ་དཀོན་མཆོག་འཕེལ་བ། རྗེ་བཙུན་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་མུས་ཆེན། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་བཙུན་སངས་རྒྱས་རིན་ཆེན་