[A:༧ན]དམར་དབང་ཕྱུག་གྲགས་པ་ཆོས་ཀྱི་སེངྒེ་། གཙང་ནག་བརྩོན་འགྲུས་སེངྒེ་། དན་བག་དར་སེང་། གཉལ་ཞིག་འཇམ་རྡོར། ཟད་པ་དར་ཚུལ། དགེ་བཤེས་གྲ་ཐང་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡང་རྩེན་རིན་ཆེན་སེངྒེ་། བུ་སྟོན་རིན་པོ་ཆེ། མཁན་ཆེན་རིན་རྣམ་པ། བླ་མ་བཀྲས་རིན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེངྒེ། རྗེ་བློ་གྲོས་ཆོས་གྲགས། རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་བཀའ་འབུམ་ཕལ་ཆེར་གྱི་ལུང་ཐོས་པའི་བརྒྱུད་པ་ནི། ས་ལོ་ཐམས་ཅད་མཁྱེན་པ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཆོས་རྗེ་སངས་རྒྱས་སེངྒེ་། རྗེ་ཀུན་དགའ་ལུང་རིགས། རྗེ་ནགས་དགོན་པ། སྦྱིན་པ་གྲགས། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། བླ་མ་ཆོས་ཀྱི་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། རྩ་བའི་བླ་མ་རྣམས་ལ་བསྟོད་པ། ཤར་ཆེན་ལ་བསྟོད་པ་ལྔ། གྲུབ་ཆེན་བུདྡྷ་ཤྲཱི། ས་བཟང་འཕགས་པ། མཁན་ཆེན་བཀྲ་ཤིས་རིན་ཆེན། ལོ་ཆེན་རིན་ཆེན་བཟང་པོ། རྗེ་ས་སྐྱ་པ་ཆེན་པོ་རྣམས་ལ་བསྟོད་པ། སྡོམ་གསུམ་བླ་མ་བརྒྱུད་པ་ལ་ཕྱག་འཚལ་བ། ལམ་ཟབ་བརྒྱུད་པའི་གསོལ་འདེབས། ལམ་འབྲས་ཕྱག་མཆོད་ཀྱི་ཁ་སྐོང་། ལམ་