R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦བ
[A:༦བ]གྲོང་ཁྱེར་དུ་རིམས་ནད་གཅོད་པའི་མན་ངག་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། བྲག་ཕུག་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་པ། ཤར་པ་སྐུ་མཆེད། ངོར་ཆེན། མུས་ཆེན། ཀུན་མཁྱེན། བླ་མ་རི་ཁྲོད་པ། དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་འཇམ་དབྱངས་སྨྲ་སེང་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས། དམ་པ་རྒྱ་གར་བ། ཁ་ཆེ་གུ་ཧྱ་པ། རླན་བསྒོམ་ཡབ་སྲས། སློབ་དཔོན་འོད་ཤཱཀ་པ། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན། ཀུན་མཁྱེན་ཇོ་ནང་པ། ས་བཟང་མ་ཏི། ས་བཟང་འཕགས་པ། ངོར་ཆེན་ཀུན་བཟང་། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ རྗེ་བློ་གྲོས་ཆོས་འཕགས། རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་འཇམ་དབྱངས་སྨྲ་བའི་སེང་གེ་དམར་པོའི་རིགས་གཏད་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས། དྷཱི་ར་པཱ་ལ། རྔོག་ལོ་བློ་ལྡན། ཁྱུང་སྟོན་རིན་ཆེན་གྲགས། རྒྱ་