R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩ན
[A:༩ན]བསྡུས་ཤིག རྡོ་རྗེ་ཐེག་པའི་བསྟན་འགྱུར་གྱི་དཀར་ཆག མཚན་ཉིད་བསྟན་འགྱུར་གྱི་དཀར་ཆག རྗེ་བཙུན་གོང་མ་གསུམ་གྱི་བཀའ་འབུམ་གྱི་དཀར་ཆག རང་གི་གྲྭ་ས་སྤྱི་ལ་གདམས་པ། ས་བཟང་པ་བསོད་ནམས་དཔལ། ལོ་ཙཱ་བ་རྡོ་རྗེ་དཔལ། དགེ་འདུན་མགོན། ཨ་མོ་གྷ། བླ་ཆེན་ཆོས་རིན་པ། གླིང་འོད་ཟེར་རྒྱལ་མཚན། བླ་མ་བསམ་འགྲུབ་རྒྱལ་མཚན། སློབ་དཔོན་ས་བཟང་། དབུ་མ་པ་ཤེས་རབ་རྒྱ་མཚོ། མདོ་སྟོད་པ་དགེ་བཟང་རྣམས་ཀྱི་དྲིས་ལན། སྡེ་སྣོད་འཛིན་པ་རཏྣ་ཤྲཱི་ལ་གདམས་པ། གསང་སྔགས་པ་ཀུན་དགའ་གཞོན་ནུ་ལ་གདམས་པ། བླ་མ་སངས་རྒྱས་རྒྱལ་མཚན་ལ་གདམས་པ་གཉིས། བྱང་ཆུབ་སེམས་དཔའ་བསོད་ནམས་རིན་ཆེན་ལ་གདམས་པ་ཤླཽ་ཀ་གཅིག རྒྱ་རོང་པ་བཀྲ་ཤིས་དཔལ་ལ་གདམས་པ། སྒྲུབ་པ་པོ་བློ་བཟང་ལ་གདམས་པ་གཉིས། ཉག་རེ་སངས་གྲགས་ལ་གདམས་པ། པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་སྤྲིངས་པ། བལ་ཡུལ་ཡེ་རང་གི་པཎྜི་ཏ་ཤྲཱི་མ་ནོ་བོ་དྷི་ཡབ་སྲས་ལ་སྤྲིངས་པ། དཔོན་པོ་རྒྱལ་མཚན་དཔལ་ཡབ་ཡུམ་སྲས་བཅས་ལ་གདམས་པ། ཡ་ཚེ་རྒྱལ་པོ་ཧསྟི་རཱ་ཛ་ཡབ་ཡུམ་སྲས་བཅས་ལ་གདམས་པ། དེའི་བློན་པོ་ལ་གདམས་པའི་ཤླཽ་ཀ་གཅིག ཨ་ཡ་དབང་ཕྱུག་བཀྲ་ཤིས་ལ་གདམས་པ། དཔོན་རྒན་ཐར་པ་ཡེ་ཤེས་ལ་གདམས་པ། སློབ་དཔོན་བཟོད་ཆེན་ལ་བསྟོད་པ། ཕྱི་ནང་གི་ཡས་གཏམ། ཐེག་པ་ཆེན་པོའི་སྨོན་ལམ། གསེར་འོད་དམ་པ་ལས་བཏུས་པའི་སྨོན་ལམ། དེར་མ་ཐུས་པ་ཆོས་རྗེ་ཤར་པའི་རྣམ་ཐར། མངོན་བྱང་གི་བཤད་པ། བདེ་མཆོག་དྲིལ་བུ་པའི་རྣམ་བཤད། རྣལ་