R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩བ
[A:༩བ]འབྱོར་རྒྱུད་ཀྱི་སྤྱི་རྣམ་རྩོམ་འཕྲོ། ཀྱཻ་རྡོ་རྗེའི་མངོན་རྟོགས་བསྡུས་པ། བཀའ་ཤོག་ཐོར་བུ་བ་ཁ་ཡར་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། ངག་དབང་ཀུན་དགའ་རིན་ཆེན། འཇམ་མགོན་གྲུབ་པའི་དཔའ་བོ་བསོད་ནམས་དབང་པོ། ཤྲཱི་དྷརྨཱ་སྭ་མི། བི་ཀྵུ་ཀུ་ས་ལི་པ་ལས་ཀྱང་ཞིབ་ཏུ་ཐོས་སོ། ༈ །ཡང་མཁྱེན་རབ་ཀྱི་དབང་ཕྱུག་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་བཀའ་འབུམ་དཀར་ཆག་ནང་བཞིན་ཐོབ་པའི་རྣམ་གྲངས་ལ། ལམ་འབྲས་བླ་མ་བརྒྱུད་པའི་རིམ་པ་གྲུབ་མཐའ་ཤན་འབྱེད་ཅུང་ཟད་དང་བཅས་པ། ཡང་ལམ་འབྲས་བླ་བརྒྱུད་གཅིག ས་ཆེན་ཡབ་སྲས་གསུམ་གྱི་བསྟོད་པ་རེ་རེ། ཡང་རྗེ་བཙུན་བསོད་ནམས་རྩེ་མོ་ལ་བསྟོད་པ། ས་པཎ་གྱི་བསྟོད་པ་གཉིས། ཕན་མཛད་མ། འཕགས་པའི་བསྟོད་པ། རྗེ་རྡོ་རྗེ་འཆང་ལ་བསྟོད་པ། རྒྱལ་ཚབ་དམ་པ་ལ་བསྟོད་པ་ཚན་པ་གསུམ། ཀུན་མཁྱེན་ལ་བསྟོད་པ། འདྲེན་མཆོག་ལ་བསྟོད་པ་གཉིས། པཎྜི་ཏ་གྲགས་པ་རྒྱལ་མཚན་ལ་བསྟོད་པ་གསུམ། ཕུར་པའི་བརྒྱུད་རིམ། ཆོས་རྗེ་ཡོན་ཏན་ཆོས་རྒྱལ་ལ་བསྟོད་པ། རྭ་སྟོན་ཡོན་ཏན་དཔལ་བཟང་ལ་བསྟོད་པ་གཉིས། ཆོས་རྗེ་དཔལ་ལྡན་པ་ལ་