R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]རས་གཟིགས་ཀྱི་སྒོམ་ཐབས་ཆུང་བ། དོན་ཞགས་དཔའ་གཅིག་གི་རྗེས་གནང་། ཆབ་གཏོར་གྱི་ཐོ། སོ་འབྲང་གི་རྗེས་གནང་གི་ཐོ། སེང་གེ་སྒྲའི་གདོན་འགྲོལ། མཆོད་རྟེན་བསྒྲུབ་པའི་ཐོ། གཉན་སྒྲོལ་ཡན་ལག་དྲུག་པའི་མངོན་རྟོགས་ཉིན་ཞི་མཚན་ཁྲོའི་འདོན་ཐབས། སྒྲོལ་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས། དུག་སེལ་མ་ཡི་སྒྲུབ་ཐབས། རྣམ་རྒྱལ་གྱི་རྗེས་གནང་བྱེད་ཚུལ། ཕྱག་རྡོར་ཨུ་ཙརྻའི་མངོན་རྟོགས་བླ་མ་བརྒྱུད་པ་དང་བཅས་པ། ཨུ་ཙའི་རྗེས་གནང་། ཕྱག་རྡོར་འགྲོ་བཟང་ལུགས་ཀྱི་མངོན་རྟོགས། ཕྱག་རྡོར་གྱི་མངོན་རྟོགས་འབྲིང་པོ། རྣམ་སྲས་ཀྱི་རྗེས་གནང་། རྣམ་འཇོམས། མ་ཎི་བཛྲ་གྱི་གཏོར་འབུམ། ཕྱག་རྡོར་གཏུམ་པོའི་སྒོམ་བཟླས། འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་། མི་གཡོ་བའི་རྗེས་གནང་། སྒྲུབ་ཐབས། ཤ་ཝ་རིའི་རྗེས་གནང་། འཇམ་དབྱངས་དམར་སེར་གྱི་རྗེས་གནང་། འཇམ་དབྱངས་སྨྲ་སེང་གི་རྗེས་གནང་། གང་བློ་མའི་རྗེས་གནང་། སངས་རྒྱས་ཀླུ་དབང་གི་རྒྱལ་པོའི་སྒྲུབ་ཐབས། གུར་ནས་གསུངས་པའི་ཁྲོ་བཅུའི་གཏོར་འབུལ། འཁོར་ལོ་བྲི་ཚུལ། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག གུར་གྱི་མགོན་པོའི་མངོན་རྟོགས། གཏོར་མ་བརྒྱ་རྩ་བྱེད་ཚུལ། བསྙེན་པ་ཁ་གསོ་བྱེད་ཚུལ། རྟ་མགྲིན་གྱི་གཏོར་འབུལ། ཀྱཻ་རྡོར་ཞི་བའི་སྦྱིན་སྲེག འཕགས་པ་ཟ་མ་ཏོག་གི་སྙིང་པོ། ཞིབ་མོ་རྣམ་དག ནོར་བུ་ཆུ་ཤེལ། ཡུལ་ཆེན་སོ་བདུན་གྱི་ངོས་འཛིན་འཁྲུལ་མེད་གསལ་བ། ཙ་རི་དང་དེ་ཝི་ཀོ་ཊའི་དགག་སྒྲུབ། བདེ་གཤེགས་སྙིང་པོའི་གསལ་བྱེད། སྡོམ་པ་སྒྲག་བཟུང་གི་འཐད་ཀྱི་