R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠བ
[A:༡༠བ]ཚབ་དམ་པའི་རྣམ་ཐར། མཁས་པའི་དབང་པོ་བསོད་ནམས་སེང་གེའི་རྣམ་ཐར། ཆོས་རྗེ་ཚུལ་ཁྲིམས་རྒྱལ་མཚན་གྱི་རྣམ་ཐར། རྗེ་ཉིད་ཀྱི་རྣམ་ཐར་ཞུས་ལན་མ། ཆོས་རྗེ་ཤར་པའི་གདུང་བརྒྱུད་ཀྱི་བྱོན་ཚུལ། སྤྱི་རྣམ་གསལ་བྱེད། ལྗོན་ཤིང་གསལ་བྱེད། འོག་མའི་སྟུག་པོ་བཀོད་པའི་རྒྱན། གནོད་སྦྱིན་ཁ་པ་རའི་ལོ་རྒྱུས། མངོན་པར་རྟོགས་པའི་ཐོ་ཡིག ཆོས་སྣ་སོ་དགུའི་གྲངས་འདྲེན་ཚུལ། རྒྱུ་དུས་ཀྱི་དབང་གི་སྔོན་དུ་གསུངས་པའི་གསུང་རྒྱུན། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་འཆད་ཐབས། དཔལ་མངོན་པར་རྟོགས་པའི་ས་བཅད། མཧཱ་མ་ཡའི་བསྡུས་དོན། རྟོག་པ་བདུན་པའི་བསྡུས་དོན། རྣམ་རྒྱལ་གྱི་རྟོག་པ་ཆེ་བའི་བསྡུས་དོན། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་དཀར་ཆག རྣལ་འབྱོར་མ་ཡི་བཀྲ་ཤིས། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ངག་འདོན། ཀྱཻ་རྡོར་མངོན་རྟོགས་བསྡུས་པ། ཕུར་པའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་སྒྲུབ་ཐབས། དེའི་དཀྱིལ་ཆོག མངོན་རྟོགས་ཡན་ལག་དྲུག་པའི་དཀའ་གནས་བསྡུས་པ། འཇིགས་བྱེད་བཅུ་བདུན་མ། ལ་ཝ་པ། བོང་ཞལ་ཅན། དྲག་པོ་སྒྲོལ་དབང་། དགྲ་གདོང་། འཁོར་ཆེན། གདོང་དྲུག་རྣམས་ཀྱི་དབང་གི་ཐོ་རེ་རེ། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར། སྤྲོས་མེད་ཀྱི་ཁྲིད་ཡིག གདུགས་དཀར་ཅན་གྱི་མངོན་རྟོགས། ཕྱིར་བཟློག སོ་འབྲང་གི་མངོན་རྟོགས། གདུགས་དཀར་ཅན། ཚེ་དཔག་མེད། གཟའ་ཡུམ། ཀྱཻ་རྡོར་ནག་པོ་པ་རྣམས་ཀྱི་དབང་གི་ཐོ་རེ་རེ། གདུགས་དཀར་ཅན་གྱི་གཏོར་ཆོག བསྲུང་བ་ལྔ་ཡི་དབང་ཐོ། འོད་ཟེར་ཅན་གྱི་དབང་ཐོ། བཅུ་གཅིག་ཞལ་གྱི་སྒྲུབ་ཐབས། སྤྱན་