[A:༡༧ན]ཙནྟྲ་གོ་མིས་མཛད་པ། སེར་པོ་ལྷ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བའི་རྒྱས་བསྡུས་གཉིས། དེ་ལ་ཆུ་རྒྱུན་དུ་འབུལ་བའི་མན་ངག་གི་རིགས་མི་འདྲ་བ་གསུམ། སློབ་དཔོན་ཙནྟྲ་གོ་མིས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། རྟོག་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས། པཎྜི་ཏ་ཤརྡྷ་ཀ་རས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། རྟ་མཆོག་གི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་གྱི་སྒྲུབ་ཐབས། གཤིན་རྗེ་ནག་པོའི་སྒྲུབ་ཐབས་མི་འདྲ་བ་གཉིས། ཡང་དགྲ་ནག་གི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་མི་འདྲ་བ་གཉིས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། ཡང་སྟོབས་པོ་ཆེའི་སྒྲུབ་ཐབས། ཧཱུྃ་མཛད་ཀྱི་སྒྲུབ་ཐབས། ཧེ་རུ་ཀའི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་ཕྱག་གཉིས་པའི་སྒྲུབ་ཐབས་ཏཱ་ར་ཤྲཱིས་མཛད་པ། བདག་མེད་པའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས། དེའི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ། ནག་པོ་ཆེན་པོའི་སྒྲུབ་ཐབས། ཡང་ནག་པོ་ཆེན་པོའི་སྒྲུབ་ཐབས་ཏེ་ལྷ་འདི་རྣམས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཨ་བྷྱ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། པུ་ཛ་ཏི། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀིརྟི་པཎྜི་ཏ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། ཀ་བཅུ་པ་གཞོན་ནུ་སེང་གེ བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་