R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧བ
[A:༡༧བ]ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་རཏྣ་ཝརྡྷ། རྒྱལ་བ་ལྷ་མཆོག་སེང་གེ ཐར་རྩེ་བ་སངས་རྒྱས་སེང་གེ མཁན་ཆེན་ཆོས་འོད་ཟེར། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་ན་ངོར་ཆེན། མུས་ཆེན། འདྲེན་མཆོག་མན་གོང་དང་འདྲ། ཡང་ན་ངོར་ཆེན། འཇམ་དབྱངས་ཤེས་རྒྱམ་པ། འདྲེན་མཆོག་མན་འདྲ། ཡང་ན་ངོར་ཆེན། དཔལ་རྡོར་བ། འདྲེན་མཆོག་མན་གོང་དང་འདྲ་བའོ། ༈ །སྒྲུབ་ཐབས་བརྒྱ་རྩར་གྲགས་པ་སྒྲུབ་ཐབས་དགུ་བཅུ་གོ་དྲུག པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བའི་རྗེས་གནང་ཐོབ་པའི་རྣམ་གྲངས་ལ། དང་པོ་ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གསུམ། གཉིས་པ་བརྟན་པའི་འཁོར་ལོ་བྷ་ཝ་ཀནྟས་མཛད་པ། གསུམ་པ་ཡང་བརྟན་པའི་འཁོར་ལོ། བཞི་པ་ཚིག་ལྷུག་པའི་བརྟན་པའི་འཁོར་ལོ། ལྔ་བ་ཚིག་ལྷུག་པའི་ཨ་ར་པ་ཙ་ན་དཀར་པོ་པདྨས་མཛད་པ། དྲུག་པ་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔ་མི་ཕམ་བཤེས་གཉེན་གྱིས་མཛད་པ། བདུན་པ་འཕགས་པ་འཇམ་དཔལ་ཞལ་གསུམ་ཕྱག་དྲུག་པ། བརྒྱད་པ་འཇམ་པའི་རྡོ་རྗེ་གཙོ་འཁོར་ལྔ། དགུ་པ་ངག་གི་རྒྱལ་པོ་གཙོ་འཁོར་གཉིས། བཅུ་པ་རྒྱལ་པོ་རོལ་པ། བཅུ་གཅིག་པ་རིག་པ་འཛིན་པའི་སྡེ་སྣོད་ནས་གསུངས་པའི་འཇམ་དཔལ། བཅུ་གཉིས་པ་རིག་པ་འཛིན་པའི་སྡེ་སྣོད་ནས་བསྡུས་པའི་འཇམ་དཔལ། བཅུ་གསུམ་པ་ཡང་འཇམ་དཔལ། བཅུ་བཞི་པ་ཡན་ལག་མེད་པའི་འཇམ་པའི་རྡོ་རྗེ། བཅོ་ལྔ་པ་འཇམ་དབྱངས་ཆོས་དབྱིངས་