R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]མཆོག་དཀོན་མཆོག་འཕེལ་བ་མན་འདྲའོ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤརྡྷ་ཀ་ར་ཝརྨ། ལོ་ཆེན་རིན་བཟང་། བྲག་སྟེང་བ། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་དཀར་ཤེས་རབ་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་ན་འཕགས་པ་རིན་པོ་ཆེ་ཡན་སྔར་དང་འདྲ་བ་ལས། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས་པ། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། པཎྜི་ཏ་གྲགས་པ་རྡོ་རྗེ། ས་སྐྱ་ལོ་ཙཱ་བ་མན་འདྲའོ། ༈ །མཐུ་སྟོབས་ཀྱི་དབང་ཕྱུག་སྟོབས་འཕྲོག་ནག་པོ་ཆེན་པོ་རྩ་ཏུར་མུ་ཁ་སྒྲུབ་དུས་ཐུན་མོང་བའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། བཱ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་དེ་ཝ། བི་མ་ལ་གུཔྟ། ཁ་ཆེ་རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། ཏ་ཐཱ་ག་ཏ་རཀྵི་ཏ། གཉན་ལོ་ཙཱ་བ། ཁ་འུབ་པ། ས་ཆེན། སློབ་དཔོན་སྐུ་