R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩ན
[A:༡༩ན]མ་ཆེན་མོ། དོན་བདུན་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། དོན་བརྒྱད་པ་གཞན་གྱིས་མི་ཐུབ་པའི་རྣམ་རྒྱལ། དོན་དགུ་པ་རྡོ་རྗེ་གནྡྷ་རིས། བརྒྱད་ཅུ་པ་ནག་པོ་ཆེན་པོ་བྲམ་ཟེ་མཆོག་སྲད་ཀྱིས་མཛད་པ། གྱ་གཅིག་པ་ལྕགས་སྒྲོག་མ། གྱ་གཉིས་པ་སྟོབས་པོ་ཆེ། གྱ་གསུམ་པ་གདུགས་དཀར་ཅན། གྱ་བཞི་པ་རྟ་མགྲིན། གྱ་ལྔ་པ་ཧེ་རུ་ཀ གྱ་དྲུག་པ་བདག་མེད་མ། གྱ་བདུན་པ་ཡང་བདག་མེད་མ། གྱ་བརྒྱད་པ་གསེར་མདོག་ཅན་གྱི་ཤེས་ཕྱིན། གྱ་དགུ་པ་རྡོ་རྗེ་ཕག་མོ། དགུ་བཅུ་པ་རིག་བྱེད་མ། གོ་གཅིག་པ་སྒྲོལ་མ་དཀར་མོ་སྟེ་གྲངས་དང་གོ་རིམ་འདི་རྣམས་རྗེ་བཙུན་ཆེན་པོས་མཛད་པའི་སྒྲུབ་ཐབས་ཀྱི་གཏད་རྒྱའི་ཡི་གེ་བཞིན་བཀོད་པ་ཡིན་ནོ། །ལྷ་དེ་རྣམས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་སྐྱ་པཎྜི་ཏ། བླ་མ་ཚོགས་བསྒོམ་པ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། བླ་མ་གཟུངས་ཀྱི་དཔལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པ། འདྲེན་མཆོག་རཏྣ་ཝརྡྷ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན་པ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་ན་ངོར་ཆེན། མུས་ཆེན། ཀུན་མཁྱེན་བསོད་སེང་། འདྲེན་མཆོག་མན་འདྲའོ། །ཡང་ན་རྡོ་རྗེ་འཆང་ཀུན་བཟང་། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འདྲེན་