[A:༢ན]པའི་མདོ་དང་སྔགས་ཀྱི་བཀའ། །མཁའ་མཉམ་གདུལ་བྱའི་དོན་དུ་བསྡུད་མཛད་པའི། །གསང་བའི་བདག་དང་དགྲ་བཅོམ་བྱང་སེམས་ཚོགས། །རིམ་པར་བྱོན་པ་རྣམས་ལ་བདག་ཅག་དད། ༢ །རྒྱུ་དང་འབྲས་བུའི་ཐེག་པའི་གསུང་རབ་ཀྱི། །དགོངས་པ་རང་དབང་འགྲེལ་བའི་སྐྱེས་ཆེན་མཆོག །འཕགས་ཡུལ་མཛེས་པར་བྱེད་པའི་འགྲོ་བའི་གཉེན། །པཎ་གྲུབ་དབང་པོ་དེ་དག་ཕྱག་གི་གནས། ༣ །བོད་ཡུལ་མཐའ་འཁོབ་མུན་པའི་གླིང་ཆེན་པོར། །དམ་ཆོས་ཉི་མས་ཀུན་ཏུ་གསལ་མཛད་པའི། །འཇིག་རྟེན་མིག་གྱུར་སྒྲ་བསྒྱུར་ལོ་པཎ་རྣམས། །བཀའ་དྲིན་དྲན་པས་ཡང་ཡང་ཕྱག་བགྱི་འོ། ༤ །གངས་ཅན་ལྗོངས་འདིར་མདོ་སྔགས་ཕྱོགས་རེ་བའི། །བསྟན་འཛིན་མང་ཡང་ཡོངས་རྫོགས་བསྟན་པའི་བདག །འཇམ་པའི་དབྱངས་དང་མཐུ་སྟོབས་མགོན་པོ་ཡིས། །མངོན་སུམ་རྗེས་