R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢བ
[A:༢བ]བཟུང་ས་སྐྱའི་བླ་ཆེན་རྒྱལ། ༥ །དེ་སྲས་ཐམས་ཅད་མཁྱེན་པ་བསོད་ནམས་རྩེ། །བོད་ཡུལ་རྡོར་འཛིན་གཙུག་རྒྱན་གྲགས་པའི་མཚན། །ཐུབ་དབང་གཉིས་པ་ས་སྐྱ་པཎ་ཆེན་དང་། །དཔལ་ལྡན་འཕགས་པའི་ཡོན་ཏན་བསམ་བཞིན་འདུད། ༦ །དེ་ལྟའི་སྐྱེས་ཆེན་རྣམས་ཀྱི་བསྟན་པའི་རྒྱུན། །སྙིགས་མའི་དུས་འདིར་ཆེས་ཆེར་གསལ་བ་ལ། །གཞན་དང་མཚུངས་པ་མེད་པའི་མཛད་པ་ཅན། །སྔགས་འཆང་ཀུན་དགའ་རིན་ཆེན་གཙུག་ན་མཛེས། ༧ །གང་སྐུ་ཉི་མ་འབུམ་གྱི་གཟི་འབར་ཞིང་། །དེ་གསུང་ལུགས་གཉིས་འདོད་པ་འཇོ་བ་ཅན། །ཁྱོད་ཐུགས་བྱིས་པའི་བློ་ཡིས་དཔག་དཀའ་བའི། །གྲུབ་མཆོག་དབང་པོའི་མཚན་གྱིས་བདག་སྐྱོངས་ཤིག ༨ །སྙིགས་དུས་དམུ་རྒོད་འདུལ་དཀའི་སེམས་ཅན་རྣམས། །འཇམ་དེས་ཞི་བ་ཆེན་པོའི་འཕྲིན་ལས་ཀྱིས། །འདུལ་མཁས་ཇི་མཛད་བསྟན་འགྲོའི་དོན་གྱུར་པའི། །ཡབ་