[A:༢༠བ]གྲུབ་ཆེན་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །རྗེ་བཙུན་མི་གཡོ་བ་དཀར་པོའི་རྗེས་གནང་། སྒྲུབ་ཐབས་ཀུན་ལས་བཏུས་ཀྱི་ཆིངས་སྦྱར་བ་ཞིག་ཀྱང་ནོས་སོ། ༈ །ལུང་གི་སྐོར་ལ། ཐོག་མར་རྒྱུད་རྒྱ་གཞུང་སྒྲུབ་དཀྱིལ་སོགས་རྒྱ་བོད་ཀྱི་གསུང་རབ་ཐོར་བུ་བ་དུ་མའི་ལུང་ཐོབ་པའི་རྣམ་གྲངས་ལ། ཀྱཻ་རྡོ་རྗེ་རྩ་བརྒྱུད་བརྟག་གཉིས་འཕགས་མཆན་དང་བཅས་པའི་བཤད་ལུང་། ཀྱཻ་རྡོ་རྗེའི་བསྟོད་པ་ཉི་ཤུ་པ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ། དཎྜ་ཀ་རྗེ་པས་མཛད་པ། རྗེ་རྡོ་རྗེ་འཆང་གིས་མཛད་པའི་ཀུན་རིག་གཞན་ཕན་མཐའ་ཡས། ཆ་གསུམ་གཏོར་མའི་ཆོ་ག གུར་དྲག་གི་འཕྲིན་གཞུང་རྒྱ་དཀར་ཤེས་རབ་རྒྱལ་མཚན་གྱིས་མཛད་པ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱཻ་རྡོ་རྗེའི་མངོན་རྟོགས། ལུས་དཀྱིལ་དབང་ཆུ་རྣམས་ཀྱི་མཛེས་རྒྱན། གུར་གྱི་མགོན་པོའི་བསྐང་གསོ་ནག་པོ་མཆོད་རྟེན་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། ལྷ་མོའི་སྤྱན་འདྲེན་དེ་ཝི་ཀོ་ཏྲ་མ་བདག་ཆེན་བློ་གྲོས་པས་མཛད་པ། བསྐང་གསོ་ཆོས་ཉིད་མ་དམ་པས་མཛད་པ། སྐུ་དང་གསུང་ཐུགས་མ་བླ་མ་མལ་གྱིས་མཛད་པ། གཏུམ་ཆེན་མ་རྗེ་ས་ཆེན་གྱིས་མཛད་པ། གདོང་བཞི་པའི་བསྐང་གསོ་ལྷ་མཆོག་མ་བླ་མ་གཉན་ལོ་ཙཱ་བས་མཛད་པ། སྟོབས་འཕྲོག་དང་། ལས་མཁན་གྱི་བསྐང་གསོ་ཆེ་བ་བདག་ཆེན་རྒྱ་དཀར་བས་མཛད་པ། ལྷ་མོའི་བསྐང་གསོ་ཆུང་བ་གཞན་ཡང་མ་དང་། ལས་མགོན་གྱི་བསྐང་གསོ་ཆུང་བ་དམ་པའི་མདོས་བསྐངས་ནས་བསྡུས་པ། དཀར་བདུད་ཀྱི་བསྐང་གསོ་ཆེ་བ་བདག་ཆེན་རྒྱ་དཀར་