[A:༢༢བ]རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཁ་ཆེ་པཎ་ཆེན། དཔྱལ་ཆོས་བཟང་། མཁན་ཆེན་རྡོར་དཔལ་བ། གཡག་སྡེ་བསོད་ནམས་སེང་གེ མངའ་རིས་པ་གསང་ཡེ་མན་འདྲ། ༈ ཡང་དམ་པ་དེ་ཉིད་ཀྱི་དྲུང་དུ། དཔལ་ལྡན་ས་སྐྱ་པའི་གསེར་ཆོས་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཟབ་མོ་སྔོན་དུ་འགྲོ་བའི་སྒོ་ནས། དེའི་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་གི་ཁྲིད་དང་། རྫོགས་རིམ་རྩ་དབུ་མའི་དམིགས་ཁྲིད། དེ་དག་གི་སྐབས་སུ་ཞལ་ཤེས་ལ། མཎྜལ་གྱི་དུས་སུ་བླ་མ་བསྐྱེད་བསྟིམ། འགྲོ་བ་དག་པའི་རྗེས་སུ་ལུས་དཀྱིལ་གསལ་གདབ་ལུགས། འཕོ་བའི་སྐབས་སུ་ཡབ་བདེ་མཆོག་ལྷན་སྐྱེས་དང་མཉམ་སྦྱོར་དུ་བསྐྱེད་པའི་འཕོ་བ། ཡུམ་རྐྱང་ལ་བརྟེན་པའི་འཕོ་བ་གཉིས། བསམ་མི་ཁྱབ་ཀྱི་སྐབས་སུ་ཐུན་མོང་མ་ཡིན་པའི་ཞལ་ཤེས་གསེར་ཆོས་མ་རྣམས་ཀྱི་དམིགས་ཁྲིད་ཞིབ་པར་སྩལ་ནས། དེའི་རྒྱབ་ཆོས་ཀྱི་ལུང་གི་སྐོར་ལ་རྗེ་བཙུན་གྲགས་པས་མཛད་པའི་རྩ་དབུ་མའི་ཁྲིད་ཡིག་གི་ལུང་། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། རྗེ་སངས་རྒྱས་དཔལ་བཟང་པས་མཛད་པའི་བྱིན་རླབས་བྱ་ཚུལ་གྱི་ཡི་གེ ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་སྒྲུབ་མཆོད་ཀྱི་ཆོ་ག མངོན་རྟོགས། བརྒྱུད་འདེབས། མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ། ངོར་ཆེན་གྱིས་མཛད་པའི་བརྒྱུད་འདེབས། རྣལ་འབྱོར་མའི་བསྟོད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་