[A:༢༣ན]མ། གྲུབ་ཆེན་ན་རོ་པ། ཕཾ་ཐིང་པ་སྐུ་མཆེད། ཀློ་ཀྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ། ཤར་ཆེན་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་རིན་པོ་ཆེ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ། རྗེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་བླ་མ་དམ་པའི་རྗེས་སུ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་མན་གོང་དང་འདྲའོ། ༈ །རྗེ་བཙུན་ནུས་པའི་གཏེར་ཆེན་དེ་ཉིད་ཀྱི་དྲུང་དུ། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་ཆོས་སྐོར་ཐོབ་པའི་ཚུལ་ནི། ཐོག་མར་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པའི་དཔལ། པདྨ་བཛྲ། དི་པཾ་ཀ་ར་རཀྵི་ཏ། རྭ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་། རྗེ་བཙུན་སྒ་ལོ། རོང་པ་ཤེས་རབ་སེང་གེ བག་