R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡བ
[A:༢༡བ]རྩིབས་བཅུ་མ། ལྟས་ངན་བརྒྱད་ཅུའི་བཟློག་པ། ཕུར་བསྲུང་དམ་ཅན་བཅུ་གཉིས་ཀྱི་བསྐུལ་སློབ་དཔོན་པདྨས་མཛད་པ་རྣམས་ཐོས། གསུང་རབ་དེ་རྣམས་ཀྱི་ལུང་གྲུབ་མཆོག་དབང་པོའི་ཞབས་ཀྱིས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ལ་གསན་གསུངས། ༈ །སློབ་དཔོན་ཛེ་ཏ་རིའི་ཐུགས་ཀྱི་ཡང་སྙིང་རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡན་ཆད་སྙན་བརྒྱུད་ཁོ་ནར་བཞུགས་པ་སྔགས་འཆང་དེ་ཉིད་ཀྱིས་གྲུབ་རྒྱ་གླིང་པ་པད་རྒྱལ་གྱི་དོན་དུ་ཡི་གེར་འགོད་པ་མཛད་པའི་ཚེ་སྒྲུབ་ཀྱི་མན་ངག་ཟབ་མོའི་བསྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། ཛེ་ཏཱ་རཱི་དགྲ་ལས་རྣམ་རྒྱལ། སློབ་དཔོན་བྱང་ཆུབ་བཟང་པོ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། བླ་ཆེན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པ་པཎྜི་ཏ། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད་ཟེར། ཨེ་པ་འཁོན་སྟོན། བླ་མ་འཇམ་དབྱངས་ཆེན་པོ། བྱང་སེམས་རྒྱལ་ཡེ། གྲགས་པ་དཔལ། སྲུ་ལུང་པ་ཀུན་སྨོན། བྲག་ཕུག་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་ཀུན་དགའ་བཟང་པོ། ཆོས་རྗེ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། ༈ །པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱིས་སློབ་དཔོན་