R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢ན
[A:༢༢ན]ཆེན་པོ་པདྨ་འབྱུང་གནས་ལ་དངོས་སུ་གསན་པའི་ཚེ་སྒྲུབ་ཟབ་མོའི་བསྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས། མཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན། ལོ་ཆེན་མཉྫུ་ཤྲཱི་ཛྙཱ་ན། མཚན་ལྡན་འོད་ཟེར་སེང་གེ མཉམ་ཉིད་རིན་ཆེན་རྒྱ་མཚོ། ཡོངས་འཛིན་ཀུན་དགའ་ལུང་རིགས། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཚེ་སྒྲུབ་ཀྱི་ཡི་གེ་རྗེ་ཉིད་ཀྱིས་མཛད་པ་ཡང་ཐོས་སོ། །པཎ་ཆེན་ནགས་རིན་ནས་བརྒྱུད་པའི་རྣལ་འབྱོར་གྱི་དབང་ཕྱུག་གི་ཚེ་སྒྲུབ་ཟབ་མོའི་བསྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། དཔལ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཆེན་པོ། རྣལ་འབྱོར་པ་ས་ཀ་པ་ལ། པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན། ལོ་ཙཱ་བ་ཆེན་པོ་མཉྫུ་ཤྲཱི། མཁས་བཙུན་འོད་ཟེར་སེང་གེ མཉམ་མེད་རིན་ཆེན་རྒྱ་མཚོ། གྲུབ་ཆེན་ཀུན་དགའ་ལུང་རིགས། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཚེ་སྒྲུབ་ཀྱི་ཡི་གེ་རྗེ་ཉིད་ཀྱིས་མཛད་པ་ཡང་ཐོས་སོ། ༈ །ཡང་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་གཉིས་པ་ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པའི་གསུང་རབ་རྣམས་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་གསན་ཡིག་ཐོས་པ་རྒྱ་མཚོ་པདྨ་རཱ་གའི་ཕྲེང་བ། མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསར་ཀླུའི་དབང་པོ་གཙུག་གི་ནོར་བུ་ཞེས་བྱ་བ། འཇམ་དབྱངས་སངས་རྒྱས་རིན་ཆེན་གྱི་རྣམ་ཐར་དགེ་ལེགས་རིན་ཆེན་གཏེར་ཞེས་བྱ་བ། དེའི་ཁ་སྐོང་ཨུཏྤ་ལའི་ཆུན་པོ། བླ་མའི་རྣལ་འབྱོར་དང་མཆོད་པའི་ཆོ་ག་རྒྱས་