R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧ན
[A:༢༧ན]དར། ལྕེ་འབུམ་ལྡན། ལྕེ་གཡུ་ཐོག་སྨྲ་སེར་བཟང་། ལྕེ་ཡེ་ཤེས་འབར། འཁོན་མངོན་པ་བ། བུ་སྟོན་སེང་གེ་འོད། བླ་མ་གྲགས་པ་གཞོན་ནུ། བླ་མ་བཀྲ་ཤིས་སེང་གེ ཐུགས་སྲས་སེམས་དཔའ་ཆེན་པོ། མཁས་པ་ནོར་བཟང་རིན་ཆེན། ཀ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་རིན་པོ་ཆེ། བྲག་དཀར་རབ་འབྱམས་པ་བསྟན་པ་རབ་གསལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དབྱངས་ཅན་དཀར་མོའི་རྗེས་གནང་དང་། དེའི་སྒྲུབ་ཐབས། བསྟོད་པ་རིན་ཆེན་སྐྱིད་ཚལ་མ་སྟེ་བོ་དོང་པཎ་ཆེན་ལ་ཞལ་དངོས་སུ་གཟིགས་ནས་གསན་པར་བླ་མ་རྣམས་བཞེད་དོ། །དེ་དག་གི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཚངས་པའི་བུ་མོ། པཎྜི་ཏ་ཤཱི་ལ་ཨ་ཀ་ར། ཙཎྜ་ཤྲཱི། གཽ་ཏཾ་ཤྲཱི། ཐར་ལོ་ཉི་མ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཆེན་བྱང་རྩེ། ལོ་ཆེན་གྲགས་རྒྱལ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ངག་དབང་གྲགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། གླང་ཐང་སྤྱན་སྔ་བ་ཤཱཀྱ་རྒྱལ་མཚན། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཉེ་བརྒྱུད་བོ་དོང་པཎ་ཆེན་གྱིས་དབྱངས་ཅན་མ་ཞལ་དངོས་སུ་གཟིགས་ནས་ཞུས་སོ། ༈ །ཁྲོ་བོའི་རྒྱལ་པོ་གཙུག་