R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧བ
[A:༢༧བ]ཏོར་འབར་བའི་རྗེས་གནང་།
སྲེག་བྱེད་མེའི་འཁོར་ལོ་ཞེས་བྱ་ཆག་ལོ་སྒྲ་པས་མཛད་པ།
སྒྲུབ་ཐབས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། སྒྲུབ་ཐབས་ཨ་བྷ་ཡ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། དེ་ལ་པཎ་ཆེན་བུདྡྷ་ཤྲཱི་དང་། གྲུབ་ཆེན་ཨ་ནནྡ་གུཔྟས་ཞུས། དེ་གཉིས་ལ་ཆག་ལོ་དགྲ་བཅོམ་པ། ཆག་ལོ་ཆོས་རྗེ་དཔལ། མཁན་ཆེན་གཙང་པ་དབང་ཕྱུག་ཤེས་རབ། ཆག་ལོ་བསྟན་འཛིན་དཔལ་བཟང་པོ། གྲུབ་ཆེན་མངྒ་ལཾ་ཤྲཱི། རྗེ་བཙུན་དཔལ་ཆེན་བཟང་པོ། ཡང་ན་ཆག་ལོ་དགྲ་བཅོམ་པ། གྲུམ་སྟོན་དར་མ་ཤེས་རབ། གྲུམ་སྟོན་ཤེས་རབ་དཔལ། གྲུམ་སྟོན་བསོད་ནམས་བཟང་པོ། གྲུམ་སྟོན་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང་པོ། རྒྱལ་སྲས་བློ་བཟང་དཔལ་འབྱོར། རྡོ་རྗེ་འཛིན་པ་ཆོས་སྐྱོང་བཟང་པོ། དེ་གསུམ་ལས་ཆག་ལོ་རིན་ཆེན་ཆོས་རྒྱལ། བླ་མ་རིན་ཆེན་རྒྱལ་མཆོག རྗེ་བཙུན་གྲུབ་པའི་དབང་ཕྱུག་ངག་དབང་ཞབས། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཆོས་རྗེ་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཐོབ་པའི་བརྒྱུད་པ་ནི། ཀུན་མཁྱེན་གཡག་པ། རོང་སྟོན་ཤཱཀྱ་རྒྱལ་མཚན། རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། འབྲས་མོ་བ་བསོད་ནམས་རྒྱ་མཚོ། མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། དྲིན་ཅན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་