R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢བ
[A:༢༢བ]པ་བྱིན་རླབས་ཀྱི་ཆུ་གཏེར་ཞེས་བྱ་བ། ཡང་བླ་མའི་རྣལ་འབྱོར་དང་མཆོད་པའི་ཆོ་ག་བསྡུས་པ། བྱིན་རླབས་བླ་མའི་རྣལ་འབྱོར་ཨུཏྤ་ལ་དཀར་པོའི་ཅོད་པན་ཞེས་བྱ་བ་སྤྱན་རས་གཟིགས་ལ་སྦྱར་བ་ལྷ་ཅིག་སངས་རྒྱས་སྐྱབས་མ་ལ་གནང་བ། སྦྱོར་བ་ཡན་ལག་དྲུག་གི་ལམ་རིམ་གྱིས་སྒོ་ནས་བླ་མའི་གསོལ་འདེབས། རྗེ་བཙུན་ས་སྐྱ་པ་རྣམས་ལ་བསྟོད་པ་ཐུགས་རྗེའི་ཆར་འབེབས། རྩ་བའི་བླ་མ་ཡོངས་འཛིན་དཀོན་མཆོག་འཕེལ། འཇམ་དབྱངས་སངས་རྒྱས་རིན་ཆེན། མཁན་ཆེན་བསོད་ནམས་ལྷུན་གྲུབ། ལོ་ཆེན་ཆོས་སྐྱོང་བཟང་པོ་རྣམས་ལ་བསྟོད་པ་རེ། རྗེ་རང་གི་བདག་བསྟོད། རྩ་བའི་བླ་མ་གཉིས་དང་། རྗེ་ཉིད་རང་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ནུས་ལྡན་དབང་མོ་ཤྲཱི་དེ་ཝའི་དོན་དུ་མཛད་པ། རྗེ་སངས་རྒྱས་རིན་ཆེན་དང་། ཞྭ་ལུ་ལོ་ཆེན་གཉིས་ཀྱི་བསྟོད་པ། རྗེ་རང་གི་བདག་བསྟོད་རྣམས་སྐད་གཉིས། ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས། སྤྲོས་མེད་བརྒྱུད་པའི་གསོལ་འདེབས། སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས། དེའི་གཤམ་ན་རིན་ཆེན་རྒྱལ་མཆོག་ཞབས་ལ་གསོལ་བ་འདེབས་ཟེར་བའི་ཤླཽ་ཀ་གཅིག དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ལམ་ཟབ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་ངོ་སྤྲོད་དང་བཅས་པའི་བླ་མ་བརྒྱུད་པའི་གསོལ་འདེབས། རྣལ་འབྱོར་པ་རོལ་པའི་རྡོ་རྗེས་མཛད་ཟེར་བའི་ཉིས་འབིགས། ཀུན་རིག་བརྒྱུད་པའི་གསོལ་འདེབས། མི་འཁྲུགས་པའི་བརྒྱུད་པའི་གསོལ་འདེབས། རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་གི་བརྒྱུད་པའི་གསོལ་འདེབས། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་གི་