R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡བ
[A:༤༡བ]ལག་བདུན་ལྡན་གཉིས་དང་། ཕ་ཆོས་ནོར་བུའི་ཕྲེང་བའི་རྩ་བ་བྱང་སེམས་ནོར་བུའི་ཕྲེང་བ་དང་། ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞི་ནོར་བུའི་ཕྲེང་བ་ལ་ལེའུ་ཚན་ཉེར་གསུམ་དང་། ཀ་བ་ཤཱཀྱ་དབང་ཕྱུག་གིས་དབུ་མཛད་པའི་མཁས་བཙུན་མང་པོ་དང་། ཡོན་བདག་ཤཱཀ་མགོན་ལ་སོགས་པའི་སྐྱེ་བོའི་ཚོགས་དང་བཅས་པའི་དབུས་སུ་ལྷ་ཆོས་བདུན་ལྡན་གྱི་འཁོར་ལོ་བསྐོར་བ་ལ་འཕྲོས་ནས་ཆོས་འདི་ནན་གྱིས་བཀའ་རྒྱས་བཏབ་པ་ལ་ལེའུ་ཚན་གཅིག མ་འོངས་ལུང་བསྟན་ཆེན་མོའི་ལེའུ་གཅིག ཤིང་ཕོ་རྟའི་ལོ་ལ་བླ་མ་དགའ་ལྡན་དུ་བྱོན་པའི་ཚུལ་རྣམས་མགུར་དུ་བཞེངས་པའི་འཆི་མེད་རྡོ་རྗེའི་གླུ་ཞེས་བྱ་བ་ལེའུ་གཅིག་སྟེ་ཡོངས་དྲིལ་ཕ་ཆོས་ཉི་ཤུ་རྩ་དྲུག བུ་ཆོས་སྐོར་ལ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེ་རབས་བསྟན་པ་ལས་རྔོག་གིས་ཞུས་པའི་རྔོག་ཆོས་ཉི་ཤུ་དང་། ཁུ་སྟོན་གྱིས་ཞུས་པའི་ཁུ་ཆོས་གཉིས་ཏེ་ཡོངས་དྲིལ་བུ་ཆོས་ལ་ལེའུ་ཚན་ཉི་ཤུ་རྩ་གཉིས། དེ་ལྟར་ལེའུ་བཞི་བཅུ་ཞེ་བརྒྱད་ལ་མི་ཐེ་བའི་ངོ་མཚར་བའི་གཏམ་ཐོར་བུ་བ་རྣམས་ལོ་ཙཱ་བ་ལ་སོགས་པ་རྗེའི་སྲས་དམ་པ་རྣམས་ཀྱིས་ཟུར་དུ་གླེང་བའི་ཁ་བསྐངས་པའི་ལེའུ་དང་བཅས་པས་གླེགས་བམ་ཡོངས་སུ་རྫོགས་པའི་ལུང་ཐོབ་པ་ལས། དེ་དག་གི་དབང་ལུང་སོགས་ཀྱི་བརྒྱུད་པ་ནི། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཟབ་མོ་ལྟ་བའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་ནི་ཡོངས་སུ་གྲགས་པ་ལྟར་ཡིན་ལ། དེ་རྣམས་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། འབྲོམ་ཆོས་ཀྱི་རྒྱལ་པོ་རྒྱལ་བའི་འབྱུང་གནས། གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ། མངའ་རིས་པ་བྱང་ཆུབ་སེམས་དཔའ་