[A:༤༢ན]ཤེས་རབ་རྒྱལ་མཚན། ཕུལ་བྱུང་བ་གཞོན་ནུ་རྒྱལ་མཚན། ཀ་མ་བ་འབྲོམ་རིན་ཆེན་རྒྱལ་མཚན། ཞང་སྟོན་དར་མ་རྒྱལ་མཚན། སྟབས་ཀ་བ་འབྲོམ་བྱང་ཆུབ་བཟང་པོ། སྟོན་པ་ནམ་མཁའ་རིན་ཆེན། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། རིན་ཆེན་གླིང་པ་རིན་ཆེན་བྱང་ཆུབ། སྒ་ལུང་པ་རིགས་ཀྱི་བདག་པོའི་དཔལ། སྒ་ལུང་པ་བྱང་ཆུབ་དཔལ། ཉུག་པའི་བླ་མ་བསོད་ནམས་འོད་ཟེར། གོས་སྔོན་ཆུ་སེར་བ་སངས་རྒྱས་བཟང་པོ། བྱ་བྲལ་བ་བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་པ། སྟག་ཚངས་ཆོས་འཁོར་བ་མཁན་ཆེན་ནམ་མཁའ་འོད་ཟེར། པ་ཚབ་དགའ་བ་གདོང་པ་གནས་བརྟན་ཡེ་ཤེས་ཚུལ་ཁྲིམས་པ། ནུབ་ཆོས་ལུང་པ་མཁན་ཆེན་རཏྣ་ཨ་ཀ་ར་ཤནྟི་པ། པཎ་ཆེན་ངག་དབང་གྲགས་པ་དཔལ་བཟང་པོ། ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་དཔལ་ལྡན་པ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་དགོས་འདོད་འབྱུང་གནས་དེ་ཉིད་ཀྱི་དྲུང་དུ། ཐུབ་པའི་བསྟན་པ་རྫོགས་པར་སྐྱོང་བའི་སྲུང་མའི་དབང་པོ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གསར་རྙིང་བཀའ་གཏེར་དང་རྗེས་སུ་འབྲེལ་བའི་གདམས་པ་ཟབ་མོ་ཐོབ་པ་ལ། གོས་སྔོན་ཅན་གྱི་རྗེས་སུ་གནང་བ་ཐོབ་ནས། དེའི་རྒྱབ་ཆོས་ཀྱི་ལུང་གི་སྐོར་ལ། ཕྱག་ན་རྡོ་རྗེའི་རྒྱུད་པ་འོག་ལེའུ་ལེའུ་བཅུ་གསུམ་པ་ཟངས་དཀར་གྱིས་བསྒྱུར་པ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། གཏོར་ཆོག སྦྱིན་སྲེག འཁྲུལ་འཁོར་བཅིངས་པ། བསྐྲད་