[A:༢༣བ]ཤོག འདོལ་ཁ་རྒྱལ་པོ་ལ་གནང་བའི་བཀའ་ཤོག རྒྱལ་མཁར་རྩེར་གནང་བའི་བཀའ་ཤོག་གཉིས། སེང་གེ་རྩེ་པ་ལ་གནང་བའི་བཀའ་ཤོག་དགེ་ལེགས་ཀྱི་ཚིགས་སུ་བཅད་པ་གཅིག་དང་བཞི། གཞིས་དགའ་རིན་སྤུངས་པ་དཔོན་སོགས་ལ་གནང་བའི་བཀའ་ཤོག་དགུ་དང་། སྣར་ཐང་པའི་རྩོམ་གྲོགས་ཞུས་པ་གཅིག ཚོང་འདུས་པ་ལ་གནང་བའི་བཀའ་ཤོག གནས་གསར་པ་ལ་གནང་བའི་བཀའ་ཤོག གནས་པ་ལ་གནང་བའི་བཀའ་ཤོག་གཉིས། རྩེད་པ་ནམ་མཁའ་ལ་གནང་བའི་བཀའ་ཤོག རིན་ཆེན་རྩེའི་གཉེར་པ་དཀྱིལ་འཁར་སེང་སྡིང་ལ་གནང་བའི་དྲིས་ལན་བཀའ་ཤོག ཁམས་ཀྱི་འབུལ་བསྡུད་པ་བླ་མ་སྒྲ་ཚད་པ་དཀོན་མཆོག་རྒྱ་མཚོ། དགེ་སློང་ནམ་མཁའ་རྩེ་མོ། རྟ་འབུལ་བ་མདོ་སྔགས་རབ་འབྱམས་པ་ཀུན་དགའ་དཔལ་འབྱོར་རྣམས་ལ་གནང་བའི་ལམ་ཡིག་སྡེ་ཚན་གསུམ། ཡིག་མཁན་ཟླ་གྲགས་ལ་གནང་བའི་གདམས་པ། མཁར་སྤེ་རབ་འབྱམས་པ་བློ་གྲོས་རབ་གསལ་གྱི་དྲིས་ལན་གཉིས། རབ་འབྱམས་པ་དབང་ཕྱུག་རྒྱལ་མཚན་ལ་གནང་བའི་གདམས་པ། གདོང་དགའ་བ་ཀུན་སྤངས་ཆོས་ལ་བསྐུལ་བའི་གཏམ། བྱས་འགྱུར་པའི་སྒྲུབ་ཆེན་རྣམས་ལ་དགེ་སྦྱོར་བསྐུལ་འདེབས། སྣར་ཐང་སྟོང་དཔོན་དཔོན་བློན་ལ་གདམས་པ་གཉིས། རིགས་དྲུག་འཁོར་བའི་སྡུག་བསྔལ་གྱི་སྣང་ཚུལ་རྩོམ་འཕྲོ་གཅིག རྗེ་ཉིད་རང་གི་ཐུགས་དམ་སྨོན་ལམ་ཚིགས་བཅད་མ། དབུ་རྩེ་རྙིང་མ་དང་། སྒོ་རུམ་དཔེ་ཁང་གི་རྟེན་གསུམ་རྣམས་ཀྱི་དཀར་ཆག་ཚིགས་བཅད་མ་གཉིས། ཚེ་ལྷ་དང་ནོར་ལྷའི་ཚིགས་བཅད་ཤླཽ་ཀ་གཉིས། རྗེ་བཙུན་འཇམ་དབྱངས་གཟི་འོད་