R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤ན
[A:༢༤ན]འབར་བའི་དྲུང་དུ་རྗེ་ཉིད་ཀྱི་སྣམ་སྦྱར་ཕུལ་བའི་ཁ་ཡིག གསེར་ཁང་ན་བཞུགས་པའི་ཡོངས་འཛིན་དཀོན་མཆོག་འཕེལ་བའི་དགོངས་པ་རྫོགས་ཐབས་སུ་རྗེ་ཉིད་ཀྱིས་བཞེངས་པའི་བླ་མ་རིན་འབྱུང་གི་སྙན་དར་ཁ་ཡིག རྗེ་སངས་རྒྱས་རིན་ཆེན་གྱི་ནང་རྟེན་གླིང་དགའ་ན་བཞུགས་པའི་ཐུབ་པའི་སྙན་དར་ཁ་ཡིག སྒོ་རུམ་དང་ནང་སོའི་དགོན་ཁང་དུ་གཞིས་དགའ་རིན་སྤུངས་ནས་གཏོར་གསོས་གནང་སྐབས་ཀྱི་སྙན་དར་ཁ་ཡིག་ལེ་ཚེ་དགུ རྩེད་པ་ནམ་མཁས་ཆོས་སྐྱོང་ཐུན་མོང་དུ་ཕུལ་བའི་སྙན་དར་ཁ་ཡིག་གཅིག་སྲུབ་ན་བཞུགས་ཡོད། ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས་པའི་གདུང་རྟེན་རྒྱལ་རྩེ་ན་བཞུགས་པའི་དངུལ་གྱི་མཆོད་རྟེན་ལ་བསྔགས་པ་བཀྲ་ཤིས་ཀྱི་མགྲིན་དབྱངས་ཞེས་པ་གཅིག དཔལ་དུས་ཀྱི་འཁོར་ལོ་ལ་བསྟོད་པ། གུར་མགོན་ལ་བསྟོད་པ་ཤླཽ་ཀ་གཅིག དམར་པོ་སྐོར་གསུམ་ལ་བསྟོད་པ་ཤླཽ་ཀ་གཅིག མངའ་རིས་རྒྱལ་པོ་ལ་གནང་བའི་བསྟོད་པ། རྗེ་ཉིད་ཀྱི་བུ་སློབ་སོགས་དད་ལྡན་སོ་སོས་བསྐུལ་བའི་ངོར་མཛད་པ་ལ། བྱང་པ་བདག་ཆེན་ཀུན་དགའ་བཀྲ་ཤིས་པ་ལ་བསྟོད་པ། གུ་གེ་བཞི་སྡེ་བ་ནམ་མཁའ་བརྟན་པ་ལ་བསྟོད་པ། དཔལ་འཁོར་བདེ་ཆེན་གྱི་མཁན་པོ་དཀོན་མཆོག་ཚུལ་ཁྲིམས་ལ་བསྟོད་པ། ལོ་དགོན་པའི་སྤྱན་སྔ་ལ་བསྟོད་པ། བློ་གྲོས་རབ་གསལ་ལ་བསྟོད་པ་ཤླཽ་ཀ་གཅིག ཆོས་རྗེ་མགོན་པོ་དབང་ཕྱུག་ལ་བསྟོད་པ་ཤླཽ་ཀ་གཅིག ཐུབ་བསྟན་རྣམ་རྒྱལ་གྱི་གདན་ས་བཀྲ་ཤིས་བརྟན་པ་ལ་བསྟོད་པ། ཆོས་རྗེ་དཔལ་ལྡན་རྒྱལ་མཚན་ལ་བསྟོད་པ། ཐུབ་བསྟན་ཡངས་ཅན་གྱི་གདན་ས་པ་གྲགས་པ་རྒྱལ་མཚན་ལ་བསྟོད་པ། སྐྱེ་རྩ་མཁན་