R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩བ
[A:༤༩བ]མཛད་པ། ཞི་དྲག་སྤེལ་མའི་སྒྲུབ་ཐབས་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། ཞི་དྲག་གི་ཕྱག་ལེན་བཀླགས་ཆོག་མཁྱེན་རབ་ཆོས་རྗེའི་དངོས་སློབ་ཆོས་རྗེ་བཅོ་བརྒྱད་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། མཐིང་ཁ་ཞལ་གསུམ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མཛད་པ། རྒྱལ་པོ་ཆེན་པོའི་གཏོར་ཆོག་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པ། ཕྱག་མཚན་བཞི་པ། གཙོ་འཁོར་གསུམ་གྱི་གཏོར་ཆོག་མཁན་ཆེན་བསླབ་གསུམ་པས་མཛད་པ། རྒྱལ་པོ་ཆེན་པོ་ཞི་དྲག་གི་རྗེས་གནང་གི་ཁྲོ་ཕུ་བ་དང་ཞྭ་ལུ་བའི་ལུགས་རྗེས་གནང་གི་ཐོ་ཡིག་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པ། རྣམ་སྲས་དཀར་པོའི་ཚེ་སྒྲུབ་དང་ཚེ་དབང་གི་ཡི་གེ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པ་སྟེ་རྒྱལ་པོ་ཆེན་པོའི་ཆོས་སྐོར་ལ་རྗེས་གནང་ལྔ་ཕྲག་གསུམ། ལུང་པོ་ཏི་གཉིས་དང་བཅས་པ་ཡོངས་སུ་རྫོགས་པ་ཐོབ་པའི་ལུང་གི་བརྒྱུད་པ་ནི། ཆོས་རྗེ་ཚར་པ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རྗེ་བོན་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་བཙུན་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་མཁན་ཆེན་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། ས་སྐྱ་པའི་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་ཐོབ་པ་ལ། ཐོག་མར་ཏོག་རྩེ་པའི་བསམ་མི་ཁྱབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྟ་མཆོག བི་ནོ་ས། རྒྱལ་པོ་ཨིནྡྲ་བྷུ་ཏི། ཕུན་ཚོགས་ཞབས། སྒེག་པའི་རྡོ་