[A:༤༩ན]ལེན་ཞལ་ཤེས་མ་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མཛད་པ་ལས། གསང་རྟེན་གའུ་བཅའ་བ། ནེའུ་ལེའི་ལས་སྦྱོར། བཙུན་མོ་མེ་ཏོག་གཙུག་ཕུད་ཀྱི་ལས་སྦྱོར། གདན་སེང་གེས་འགབ་འདྲེ་མནན་པའི་ལས་སྦྱོར་སྲུང་བའི་འཁོར་ལོའི་མན་ངག་ཡོད་པ། ཞི་བ་བདེ་བྱེད་ཀྱི་སྒྲུབ་ཐབས་གཏོར་འབུལ་དང་བཅས་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མཛད་པ། ཕྱག་རྡོར་གྱི་བསྟོད་པ་དེ་ཉིད་ཀྱིས་མཛད་པ། རྣམ་སྲས་ཀྱི་བསྟོད་པ་རྒྱས་པ་དེ་ཉིད་ཀྱིས་མཛད་པ། རྣམ་སྲས་ལྗང་ཡུལ་མའམ་སྤྲིན་གསེབ་མར་གྲགས་པ་སློབ་དཔོན་པདྨས་མཛད་པ། སྤྲིན་གསེབ་མའི་ལོ་རྒྱུས་ཀྱི་ཡི་གེ རྗེས་གནང་གི་ཡི་གེ འཕྱར་དར་གྱི་ལོ་རྒྱུས་ཀྱི་ཡི་གེ རྡོ་རྗེ་སྲིད་བསྐྱེལ་གྱིས་གྲིབ་སེལ་བ། འཇོམས་བྱེད་ཁྱུང་མགོ་ཅན་གྱིས་མཚོན་བསྲུང་བ། ཀླུ་མོ་པདྨ་ཅན་གྱིས་ནོར་བསྒྲུབ་པ། ཀུན་ཏུ་ནོར་འཛིན་གྱིས་ཟས་བསྒྲུབ་པ། རྡོ་རྗེ་དྲག་པོ་རྩལ་གྱིས་དགྲ་བསད་པ། འཆི་འཇུག་དྲེད་མགོ་ཅན་གྱིས་མནན་པ། འབྲོག་བྱེད་སྤྲེལ་མགོ་ཅན་གྱིས་མཛའ་བོ་དབྱེ་བ། གར་དབང་ཁྱུང་མགོ་ཅན་གྱིས་གནོད་སྦྱིན་འདུལ་བ། ཐེག་ཆེན་དཔང་བསྟོད་ཀྱིས་སེར་བ་དབབ་པ། འུག་མགོ་ཅན་གྱིས་བསྐྲད་པ། དེའི་དམ་ཚིག་གི་སྤྱིར་བསྟན་པ་རྣམས་སློབ་དཔོན་པདྨས་མཛད་པ། རྒྱལ་པོ་ཆེན་པོའི་སྒྲུབ་ཐབས་དགོས་པ་ཀུན་ཚང་གཉག་དབོན་རིན་པོ་ཆེས་མཛད་པ། ནང་སྒྲུབ་དམར་པོ་རྟ་སྔོན་ཅན་གཤིན་རྗེ་ལྟར་བསྒྲུབ་པ། ཡང་གསང་མགུལ་ཁུག་སྲོ་མ་ཅན་གྱི་སྒྲུབ་ཐབས། རྗེས་གནང་གི་ཡི་གེ བསྟོད་པ་རྒྱལ་པོའི་ཐུགས་རབ་ཏུ་མཉེས་པ་རྣམས་བུ་སྟོན་ཐམས་ཅད་མཁྱེན་པས་