[A:༥༠བ]མན་འདྲ། ༈ །ཡོན་པོ་བསྲོང་བའི་བརྒྱུད་པ་ཡང་དེ་བཞིན་ནོ། །ཨིནྟྲ་བྷུ་ཏི་ལམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། དཔལ་བདེ་བ་ཆེན་པོ། ཨིནྡྲ་བྷུ་ཏི། དཔལ་ཚངས་པའི་ཞབས། བྲམ་ཟེ་མོ། གྲུབ་པའི་རྡོ་རྗེ། ཨིནྡྲ་བྷུ་ཏི་བར་པ། སློབ་དཔོན་ཨུ་པ་མའི་ཞབས། སློབ་དཔོན་གཅེར་བུ་པ། རྒྱལ་པོ་ཛྙཱ་ན་བྷུ་ཏི། པདྨ་བཛྲ། ཌོམྦྷི་བ། ཡན་ལག་བར་མའི་ཞབས། ལྷ་མོ་བུང་བའི་པདྨ། ལྕམ་ལེགས་སྨིན། ཨིནྡྲ་བྷུ་ཏི་ཆུང་བ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཤེས་རབ་གསང་བ། འབྲོག་མི་མན་འདྲ། དེའི་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། ཨིནྡྲ་བྷུ་ཏི་ཆེ་བ། ལྕམ་ལེགས་སྨིན། ཤེས་རབ་གསང་བ། འབྲོག་མི་མན་འདྲ། ༈ །པདྨ་བཛྲ་གྱི་ལམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི་མ་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷུ་ཏི། ལྕམ་ལེགས་སྨིན། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་མི་མན་འདྲ། ༈ །ཌོམྦི་ལྷན་གཅིག་སྐྱེས་གྲུབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཌོམྦྷི་བ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་མན་འདྲ། ༈ །ཡང་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་ཕལ་ཆེར་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། མུས་ཆེན་སེམས་དཔའ་ཆེན་པོའི་རྣམ་ཐར། བརྡ་དོན་གསལ་བའི་ཁྲིད་ཡིག ལམ་སྦས་བཤད་ཀྱི་ཁྲིད་ཡིག བདུད་རྩི་རིལ་བུའི་སྒྲུབ་ཐབས་ཕྱག་ལེན། འཁོར་འདས་དབྱེར་མེད་ཀྱི་ཟིན་བྲིས། མངོན་བྱང་གི་བཤད་པ་རྒྱས་པ། རྡོ་རྗེ་དྲིལ་བུའི་བཤད་པ། རྣམ་