[A:༥༡ན]འཇོམས་བིར་ལུགས་ཀྱི་བྱིན་རླབས་བྱ་ཚུལ་གྱི་ཡི་གེ མགོན་རྐྱང་གི་རྗེས་གནང་གི་ཡི་གེ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ལམ་འབྲས་བརྒྱུད་པའི་གསོལ་འདེབས་ཀུན་བཟང་མར་གྲགས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ལ་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གིས་ཟིན་བྲིས་གནང་བའི་སྐོར་ཐོབ་པ་ལ། ལམ་འབྲས་ཀྱི་ཆོས་འབྱུང་རྒྱས་པ། སྣང་གསུམ་གྱི་ཁྲིད་ཡིག འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་རྒྱས་པ། བུམ་དབང་གི་ལམ་གྱི་ཁྲིད། གཤེད་དམར་སྤྲོས་མེད་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས། བསྐྱེད་རིམ་གྱི་བཤད་པ། སྤྲོས་མེད་ཀྱི་ཁྲིད་ཡིག་རྒྱས་པ། གསང་འདུས་རིམ་ལྔའི་ཁྲིད་ཡིག སུམ་པ་ལོ་ཙའི་བློ་སྦྱོང་གི་ཁྲིད་ཡིག སྤྱན་རས་གཟིགས་ཁརྶ་པ་ཎི་ལ་བརྟེན་པའི་སྙིང་པོ་དོན་གསུམ་གྱི་ཡི་གེ སེམས་ཉིད་ངལ་གསོའི་ཁྲིད་ཡིག་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ ཡང་མཁན་ཆེན་ཐམས་