R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢ན
[A:༥༢ན]བདུན་བཅུའི་བར་བཞུགས་དཀོན་མཆོག་འཕེལ།
ཕྱི་མ་དེ་ལྔ་ཆར་ལ་གསན།
།ཤིང་སྤྲེལ་དོན་གཉིས་བར་བཞུགས་བུདྡྷའི་མཚན།
མུས་ཆེན་དང་ཀུན་མཁྱེན་ལ་གསན་པ།
།ཤིང་ལུག་རེ་བརྒྱད་བར་བཞུགས་སེང་གེའི་མཚན།
ཕྱི་མ་དེ་གསུམ་ཆར་ལ་གསན་པ།
།མེ་སྦྲུལ་རེ་གཅིག་ལ་གཤེགས་དཀོན་ལྷུན་རྗེ། །མེ་ཁྱི་དོན་བདུན་བར་བཞུགས་སྤྱན་སྔ་བ། །ས་རྟ་དོན་བདུན་ལ་གཤེགས་བུདྡྷའི་མཚན། །ལྕགས་སྦྲུལ་བདུན་བཅུའི་བར་བཞུགས་མཁན་ཆེན་རྗེ། །མགོན་དེས་རྗེས་བཟུང་སྔགས་འཆང་ཨ་ནནྡའོ། །ཡང་ན་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། ཡངས་ཅན་མཁན་པོ་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་མུས་ཆེན་སེམས་དཔའ་ཆེན་པོ། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དཔལ་མགོན་བྲམ་ནག་བཤན་པ་དྲུག་བསྐོར་ནག་པོ་དོམ་མཆོང་དུ་གྲགས་པའི་རྗེས་གནང་། དེའི་མན་ངག་གི་ཡི་གེ་རྣམས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། ཛོ་ཀི་ཀ་མ་རུ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བྲང་མོ་ཆེ་པ། རྗེ་བཙུན་རེ་མདའ་བ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རས་ཆེན་དཔལ་འབྱོར་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་བཙུན་