R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡བ
[A:༥༡བ]ཅད་མཁྱེན་པ་དེ་ཉིད་ཀྱི་དྲུང་དུ། གསུང་ངག་རིན་པོ་ཆེའི་སྙིང་པོ་རྒྱུ་དབང་ལམ་དུ་བྱེད་པ། སློབ་དཔོན་གྱི་ཟབ་མོ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་ལམ་དབང་ཟབ་མོ་ལན་མང་དུ་ཐོབ་པའི་བརྒྱུད་པ་ནི། འཆི་མེད་རྡོ་རྗེའི་སྐུ་བརྙེས་རྫོགས་སངས་རྒྱས། །མ་སྐྱེས་མ་འགག་རྡོ་རྗེ་བདག་མེད་མ། །སྐལ་ལྡན་སྣང་ངོར་རྟག་བཞུགས་བིརྺ་པ། །ཚེ་ཡི་རིག་འཛིན་བརྙེས་པའི་ནག་པོ་པ། །སྐྱེ་འཆི་མེད་པའི་དོན་རྟོགས་ཌཱ་མ་རུ། །གཟུང་འཛིན་ཀུན་སྤངས་ཨ་ཝ་དྷུ་ཏི་པ། །གངས་ཅན་དཔལ་དུ་བྱོན་པ་ཀླུ་འཛིན་ཞབས། །སྒྲ་བསྒྱུར་ཆོས་ཀྱི་རྒྱལ་པོ་འབྲོག་མི་རྗེ། །རྒྱུད་དང་མན་ངག་ཀུན་རིག་མཁར་ཆུང་བ། །མངོན་ཤེས་རྫུ་འཕྲུལ་མངའ་བདག་དགོན་པ་བ། །ས་སྟག་རེ་བདུན་བར་བཞུགས་ས་སྐྱ་པ། །ཆུ་སྟག་ཞེ་གཅིག་བར་བཞུགས་བསོད་ནམས་རྩེ། །མེ་བྱི་བདུན་བཅུའི་བར་བཞུགས་གྲགས་པའི་ཞབས། །ཆུ་སྟག་བདུན་བཅུའི་བར་བཞུགས་པཎྜི་ཏ། །ལྕགས་འབྲུག་ཞེ་དྲུག་བར་བཞུགས་འཕགས་པའི་མཆོག །མེ་ལུག་རེ་བརྒྱད་བར་བཞུགས་དཀོན་མཆོག་དཔལ། །ལྕགས་སྟག་དོན་བཞིའི་བར་བཞུགས་བྲག་ཕུག་པ། །ཤིང་ཡོས་རེ་བཞིའི་བར་བཞུགས་འགྲོ་མགོན་རྗེ།
འདི་གཉིས་གང་རུང་གཅིག་གིས་ཆོག
།ས་ཁྱི་ཞེ་གསུམ་བར་བཞུགས་རི་ཁྲོད་པ། །ས་ཡོས་རེ་བདུན་བར་བཞུགས་དཔལ་ལྡན་པ། །ལྕགས་བྱི་གྱ་གཉིས་བར་བཞུགས་བུདྡྷ་ཤྲཱི། །མེ་བྱི་དོན་ལྔའི་བར་བཞུགས་ཨེ་ཝྃ་པ། །ལྕགས་སྟག་གྱ་གསུམ་བར་བཞུགས་མུས་པ་ཆེ། །ས་ཁྱི་ང་ལྔའི་བར་བཞུགས་ཀུན་དཔང་པ། །ཆུ་སྟག་དོན་གཉིས་བར་བཞུགས་མཁས་གྲུབ་ཆེ།
དཔལ་རྡོར།
།ས་བྱ་རེ་གཅིག་བར་བཞུགས་ཀུན་མཁྱེན་རྗེ། །ཤིང་ཁྱི་