[A:༥༣ན]མཁའ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འབྱུང་འདུལ་མེ་དབང་མའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཡེ་ཤེས་མཁའ་འགྲོ་མ། ཨ་བྷྱ་དང་། ཤུ་བྷཾ་ཀ་ར། པཱུ་ཛ་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀིརྟི་པཎྜི་ཏ། ཡར་ཀླུང་གྲགས་རྒྱལ། རྒྱལ་མཚན་རིན་ཆེན། གར་ཐིག་བསོད་རྒྱལ། གཞོན་སེང་ཀ་བཅུ་པ། བླ་མ་མགོན་པོ་འབུམ། ཆོས་རྗེ་དཔལ་ཚུལ་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དབང་། རྗེ་ཡོངས་འཛིན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་མཚན་དོན་དང་ལྡན་པ་དེ་ཉིད་ཀྱི་དྲུང་དུ། སྙན་ངག་ལ་སོགས་པ་ཐུན་མོང་གི་རིག་གནས་ཀྱི་སྐོར་དང་། མདོ་ཕྱོགས་ཀྱི་པོད་ཆེན་དྲུག་གི་བཤད་ལུང་སོགས་ཐོབ་པའི་ཚུལ་ནི། ཐོག་མར་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་མཛད་པའི་བསྟན་བཅོས་ཆེན་པོ་མཁས་པ་འཇུག་སྒོ་ཉིད། གློ་བོ་མཁན་ཆེན་པས་མཛད་པའི་རྒྱས་འགྲེལ་དང་