[A:༥༣བ]སྦྱར་བའི་སྟེང་། རྗེ་ཉིད་ཀྱིས་མཛད་པའི་ས་བཅད་མཁས་པའི་རྣ་རྒྱན། རྣམ་བཤད་བློ་གསལ་མགྲིན་པའི་དཔལ་ཡོན། སྤྱི་དོན་ལེགས་བཤད་ནོར་བུའི་ཕྲེང་མཛེས་རྣམས་ཀྱིས་གསལ་བྱེད་ཀྱི་རྒྱན་དུ་མཛད་ནས་གསུང་བཤད་རྒྱས་ཤིང་དཀའ་གནས་ཀྱི་མཐའ་ཆོད་པ་དང་། དེ་ལས་འཕྲོས་ནས་སྙན་ངག་གི་བསྟན་བཅོས་མེ་ལོང་གི་གཞུང་ལ་མཁས་པ་སྔ་མ་རྣམས་ཀྱིས་མཛད་པའི་འགྲེལ་པ་སོ་སོ་ལས་བརྩམས་ཏེ་དོགས་སློང་གི་དྲི་བ་དང་། དེའི་རང་ལན་རྗེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཁྱད་པར་ཅན་སྙན་ངག་མེ་ལོང་ལས་བརྩམས་པའི་དྲི་བ་དབྱངས་ཅན་མགྲིན་པའི་ང་རོའི་རང་ལན་དབྱངས་གསུམ་རྣམ་གཞག་སྐལ་བཟང་བཅུད་ཐིགས་ཞེས་བྱ་བའི་སྟེང་ནས་བཤད་པ་ཞིབ་ཏུ་ཐོས་པའི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། ཆོས་རྗེ་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། བརྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལ་སྤྱི་དོན། ཊིཀྐ་ཀུན་མཁྱེན་རིན་པོ་ཆེའི་རྗེས་འབྲངས་དང་བཅས་པས་མཛད་པའི་ཡིག་ཆ་སོ་སོ་དང་། ཁྱད་པར་ཆོས་རྗེ་ས་