R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩ན
[A:༥༩ན]ཆོས་ཀྱི་སེང་གེ་ལ་བསྟོད་པ་ཤླཽ་ཀ་སུམ་ཅུ་རྩ་གསུམ་ཡོད་པ། རྒྱ་བསྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིངས་པ།
འདིའི་ནང་ན་ས་ཆེན་ལ་བསྟོད་པ་ཆེ་ཆུང་གཉིས་དང་། ཕྱིས་མཛད་པའི་ཉུང་ཤས་གཅིག་དང་གསུམ་ཡོད་པར་བཤད།
ཚུལ་དང་པོ་གསུམ་གྱི་རྣམ་གཞག་སྟོན་པ་རྒྱུད་སྡེ་སྤྱི་རྣམ། འཇམ་དབྱངས་དང་ས་ཆེན་གྱི་བསྟོད་པ་ཚིག་ལྷུག་མ། བརྟག་གཉིས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར། སམྦུ་ཊིའི་ས་བཅད། ཊཱིཀྐ་གནད་ཀྱི་གསལ་བྱེད། བརྟག་པ་གཉིས་པའི་རབ་བྱེད་གཉིས་པ་ལས་བརྩམས་ཏེ་ཁ་སྦྱོར་ཐིག་ལེའི་བཤད་དོན།
དེ་ནས་ལས་བཞིའི་སྦྱིན་སྲེག་བྱ་བ་པོ་ཏིའི་ཐོ་ཡིག་དང་གསན་ཡིག་ལ་འདུག་ཀྱང་། གླེགས་བམ་གྱི་སྤྱི་གྲངས་ལ་མི་འདུག་པས་ལུང་མ་བྱུང་། འདི་ཡི་ནང་ན་ཚེ་སྒྲུབ་ཟབ་མོ་ཞིག་ཀྱང་འདུག
སྒྲུབ་ཐབས་མཚོ་སྐྱེས་ཀྱི་འགྲེལ་པ་ང་པ་ལ། ཀྱཻ་རྡོ་རྗེའི་ལས་དང་པོ་པའི་བྱ་བ། ཌོམྦྷི་ལུགས་ཀྱི་དཀྱིལ་ཆོག མཚོ་སྐྱེས་ལུགས་ཀྱི་དཀྱིལ་ཆོག་ནས་གླིང་མ། མངོན་རྟོགས་ཡན་ལག་བཞི་པ། མན་ངག་ལུགས་ཀྱི་དབང་ཆུ་ཆེན་མོ། ཀྱེ་རྡོར་ལ་བརྟེན་པའི་རབ་གནས་བཟང་དྲུག ཀྱེ་རྡོར་ཞི་བའི་སྦྱིན་སྲེག བདག་མེད་མའི་དབང་གི་ཐོ་ཡིག་ཁམས་པ་ནེ་ཙོ་སྦལ་སྟོན་ལ་གནང་བ།
འདིའི་ནང་ན་སྟེང་གི་ཚོམ་བུ་བཻ་ཏ་ལི་གཡས་དང་། འོག་གི་ཚོམ་བུ་གཽ་རཱི་གཡོན་དུ་བྱ་བར་བཤད།
བདེ་མཆོག་དྲིལ་བུ་པའི་མངོན་རྟོགས། དེའི་དབང་ཆོག བདེ་མཆོག་གི་མཆོད་ཕྲེང་རྒྱས་པ།
རྗེ་བཙུན་རིན་པོ་ཆེས་ལཱུ་ཧི་པའི་མངོན་རྟོགས་ཆེན་མོ་མཆོད་ཕྲེང་བླ་མས་མཛད་པ་བལྟ་བར་ཁ་འཕངས་པ་དེ་འདི་ཡིན།
གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊཱིཀྐ
འདི་སློབ་དཔོན་རིན་པོ་ཆེས་གསང་ཕུར་མཛད་པ་ཕྱིས་བཀའ་གནང་ནས་རྗེ་བཙུན་གྱིས་ཀྱང་གསལ་བར་མཛད་པ་ཡིན་པས་སྐུ་མཆེད་གཉིས་ཀའི་ཐུན་མོང་བ་ཡིན།
རྣམ་རྒྱལ་གྱི་རྟོག་པའི་ས་