[A:༦༢ན]བ་ཡང་འདུག སྐབས་འགར་བླ་མ་རྗེ་བཙུན་པའི་གདམས་པའོ་ཟེར་བ་ཡང་འདུག་པས་རྗེ་བཙུན་གྱི་གསུང་རྒྱུན་ལ་བུ་ཆེན་ཞིག་གིས་ཟིན་བྲིས་བྱས་པ་ཡང་འདྲ། དེས་ན་རྗེ་བཙུན་གྱིས་མཛད་པ་དེ་གཞན་ཞིག་ཡོད་པར་སེམས། གང་ལྟར་གླེགས་བམ་གསུམ་ན་བཞུགས་པའི་ཆོས་སྣའི་གྲངས་ལ་བརྒྱ་དང་སུམ་ཅུ་སོ་བདུན་ཡོད། མཁྱེན་རབ་རིན་པོ་ཆེའི་རྣམ་ཐར་ན་བརྒྱ་དང་དྲུག་ཅུ་ཡོད་པར་བཤད། ལམ་འབྲས་སྐོར་ལ་པོ་ཏི་གཅིག་ལོགས་སུ་བཞུགས་པ་དང་བཅས་པས་རྗེ་བཙུན་གྱི་གསུང་འབུམ་པོ་ཏི་བཞིའོ། །དེ་ལྟར་དཀར་པོ་རྣམ་གསུམ་གྱི་བཀའ་འབུམ་དང་། ལུང་རྒྱུན་ཕྱོགས་གཅིག་ཏུ་བསྡེབས་པ་དང་པོ་ནས་མེད་ཀྱང་དུས་ཕྱིས་བླ་མ་དཔལ་ལྡན་སེང་གེ་བའི་ཐུགས་དགོངས་རྫོགས་ཕྱིར་དུ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་བཀས་བསྐུལ་ཏེ་འཁོན་ཤེས་རབ་རྡོ་རྗེས་ལུང་རྒྱུན་སུ་ཡོད་ལ་ཞུས་ཏེ་དར་རྒྱས་སུ་མཛད་ཅིང་། དེ་དག་གི་བརྒྱུད་པ་ནི། མཁན་ཆེན་ཤེས་རྡོར་བས་བླ་མ་སོ་སོ་ལ་གསན་པ་ལས། མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ ཤར་པ་ཡེ་ཤེས་རྒྱལ་མཚན། རྗེ་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་བ། ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་ལོ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ཤེས་རབ་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང་པ། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ཤར་ཁང་པ་མན་