R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧བ
[A:༢༧བ]པ། རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་བྱ་ཚུལ། བསྒྲུབ་པ་ལུང་སྦྱིན་གྱི་གསལ་བྱེད་སྙིང་གི་ཟེ་འབྲུ། གཤེད་དམར་དཔའ་གཅིག་གི་སྒྲུབ་ཐབས་གཏོར་བསྔོ་དང་བཅས་པ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་གཞན་ཕན་དོན་ཡོད། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་ཕྱག་མཚན་གཞན་ཕན་རྒྱས་བྱེད། དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་མཚམས་སྦྱོར་གཞན་ཕན་ལྷུན་གྲུབ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཐུབ་བསྟན་ལྷ་ཆེན་གྱི་བཅའ་ཡིག་བསླབ་པ་ཀུན་འདུས། མཁན་ཆེན་དཔལ་ལྡན་བཟང་པོ་མདོ་ཁམས་ལ་འབུལ་བསྡུད་བསྐུལ་ལ་གནང་སྐབས་ཀྱི་སྤྱི་འགྲོ། ཡང་བླ་མ་ཀུན་དགའ་དཔལ་བཟང་མདོ་ཁམས་ལ་འབུལ་བསྐུལ་ལ་གནང་བའི་སྤྱི་འགྲོ། དེབ་གཏེར་རིན་ཆེན་བང་མཛོད། དུས་མདོས་ཆེན་མོའི་དེབ་བྲིས་རྣམས་བཞུགས། བཀའ་བུམ་པོ་ཏི་གཉིས་པ་ལ། འཇམ་དཔལ་ཨ་ར་པ་ཙ་ནའི་སྒྲུབ་པ་བྱེད་ཚུལ། མོལ་གཏམ་ཡིད་བཞིན་ནོར་བུ། སྔགས་འཆང་ངག་གི་དབང་པོ་དེ་ཉིད་ཀྱི་སྲས་མཆོག་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལས་རིམ་པར་འཕེལ་ཏེ། དཔལ་ས་སྐྱའི་གདུང་བརྒྱུད་དྲི་མ་མེད་པ་རྒྱུན་མ་ཆད་པ་འབྱུང་བའི་རྟེན་འབྲེལ་དུ། དུས་མཆོད་པ་སྒེར་གྱི་གདུང་རབས་བསྒྲིགས་པར་མཛད་པའི་ཡི་གེ་ཉུང་ངུ་། རབ་གནས་དོན་གསལ་གྱི་གསལ་བྱེད་དངོས་གྲུབ་འབྱུང་བ། དཔལ་ཡང་དག་མར་མེ་དགུ་པའི་སྒྲུབ་ཐབས་རིམ་པ་གསལ་བ། ཡང་དག་མེ་དགུའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པ་གསལ་བ། ཡང་དག་མེ་དགུའི་དཀྱིལ་འཁོར་གྱི་ཆོ་ག་བློ་