R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧ན
[A:༢༧ན]འཛིན་མ། སྔགས་འཆང་ཉིད་ཀྱི་བདག་བསྟོད་ཤླཽ་ཀ་གཅིག གུར་མགོན་ལྷ་བརྒྱད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། དགེ་སྡིང་མགོན་ཁང་དུ་ཕུལ་བའི་མདའ་དར་ཁ་ཡིག ལམ་ཟབ་རྒྱུན་གྱི་ཉམས་ལེན། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཁྲིད་བྱིན་རླབས་བྱ་ཚུལ། རྣལ་འབྱོར་དབང་ཕྱུག་བིརྺ་པའི་སྒྲུབ་ཐབས། རྣལ་འབྱོར་དབང་ཕྱུག་གི་ལུང་བྱིན་རླབས་བྱ་ཚུལ། དཔལ་འཁོར་ལོ་སྡོམ་པ་ནག་པོ་པའི་ལུགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆོ་གའི་གསལ་བྱེད་གསར་བུའི་བློ་ཅན་རྟོགས་པར་སླ་བ། འཁོར་ལོ་བདེ་མཆོག་གི་སྔགས་ཕྲེང་ཕྱག་བྲིས་མ་ལས་འབྲུ་ལེན་བྱས་པ་ཤིན་ཏུ་དག་པ། སློབ་དཔོན་སྤྱོད་པའི་རྡོ་རྗེའི་ལུགས་ཀྱི་སློབ་མ་དབང་བསྐུར་གྱི་མཚམས་སྦྱོར་སློབ་དཔོན་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཕྱག་ལེན་གྱི་རིམ་པ་གསལ་བ། རྡོ་རྗེ་རྣལ་འབྱོར་མའི་རྒྱུན་གྱི་ཉམས་ལེན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྒྱས་པ་མ་རིག་མུན་སེལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་ཤིན་ཏུ་གསལ་བ། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཀྱི་བཤད་པ་ཟིན་བྲིས། གྲིབ་མ་ཆུང་ངུ་ཁྲུས་ཀྱིས་སེལ་བའི་ཆོ་ག ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་བསྒོམ་ཚུལ་བླ་མའི་རྣལ་འབྱོར་ལ་སྦྱར་བ། བདུད་རྩིའི་རིལ་བུ་སྒྲུབ་ཚུལ་ལས་དང་པོ་ལ་མཁོ་བ་བདུད་རྩིའི་འབྱུང་བ། མན་ངག་ལུགས་ཀྱི་དབང་གི་མཚམས་སྦྱོར། ཀྱཻ་རྡོ་རྗེ་རྒྱུ་དུས་ཀྱི་དབང་གི་རྟོགས་པ་བསྐྱེད། ལམ་དུས་ཀྱི་དབང་བསྐུར་ཚུལ་ཀུན་མཁྱེན་ཆེན་པོས་མཛད་པ་ལ་མཆན་གནང་བ། ལམ་དུས་ཉམས་སུ་ལེན་པའི་རིམ་