R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠ན
[A:༣༠ན]གཅིག་ཏུ་བསྒྲིགས་པ་ལ་གསུང་འབུམ་པོ་ཏི་གཉིས་བྱུང་བའི་གླེགས་བམ་དང་པོའི་ནང་དུ་བཞུགས་པའི་རིམ་པ་ལ། རྡོ་རྗེ་ཕུར་པའི་བརྒྱུད་འདེབས་བར་ཆད་ཀུན་སེལ། ཟབ་ལམ་བརྒྱུད་འདེབས་དགོས་འདོད་ཀུན་འབྱུང་། ལམ་འབྲས་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག ཡང་ལམ་འབྲས་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་བསམ་འཕེལ། ཡང་ལམ་འབྲས་བརྒྱུད་པའི་གསོལ་འདེབས་བསྡུས་པ་བྱིན་རླབས་མྱུར་འཇུག དཔལ་འཁོར་ལོ་སྡོམ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་དད་པའི་ཕོ་ཉ། འཁོར་ལོ་སྡོམ་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བསྡུས་པ། གུར་དྲག་བླ་མ་བརྒྱུད་པའི་གསོལ་འདེབས། བརྒྱུད་འདེབས་བསྡུས་པ་འདོད་དོན་མྱུར་འགྲུབ། ཞལ་བཞི་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བར་ཆད་ཀུན་སེལ། མཐུ་སྟོབས་ཀྱི་དབང་ཕྱུག་སྔགས་འཆང་ཆེན་པོ་ལ་བསྟོད་པ་བྱིན་རླབས་དངོས་གྲུབ་ཀྱི་ཆར་འབེབས། ཡང་སྔགས་འཆང་ཆེན་པོ་ལ་ནང་གི་རྣམ་ཐར་དང་མཐུན་པའི་གསོལ་འདེབས། རང་རིག་བླ་མའི་གསོལ་འདེབས་མཐོང་བ་རང་གྲོལ། བླ་མའི་བསྟོད་པ་ཕུན་ཚོགས་དགེ་ལེགས་ཀུན་གྱི་འབྱུང་གནས། འདྲེན་མཆོག་དམ་པ་གཞོན་ནུ་བློ་གྲོས་ཀྱི་སྐུ་བསྟོད་བྱིན་རླབས་མྱུར་འཇུག གདམས་པ་ཟབ་མོ་ཁྱད་པར་ཅན། བླ་མ་མཆོད་པའི་ཆོ་ག་བསྡུས་པ་འཕྲིན་ལས་བསམ་འཕེལ། མོན་བུ་པུ་ཏྲའི་དྲག་བསྐུལ་དམ་ཉམས་ཚར་གཅོད་དཔའ་བོའི་འབྲུག་སྒྲ། སྲུང་མ་སྤྱིའི་དམོད་བཅོལ་གྱི་བསྐུལ་དམ་ཉམས་ཚར་གཅོད་རྡོ་རྗེའི་མེ་དབལ། རྟེན་རྡོ་རང་བྱོན་ལུང་བསྟན། རོལ་མོའི་བསྟན་བཅོས་མྱོང་གྲུབ་ཀྱི་ལག་ལེན་འཁྲུལ་མེད་