R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]རིམ་པ་བློ་གསར་དགའ་བ་བསྐྱེད་བྱེད། ཀླུ་གཏོར་གཏོང་ཚུལ་གསལ་བྱེད་སྒྲོན་མེ། དཀར་བདུད་ཀྱི་བསྐང་གསོ། དམག་ཟོར་རྒྱལ་མོའི་བསྐང་གསོའི་ཡི་གེ་རྣམས་བཞུགས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། སྙིགས་དུས་རྒྱལ་བའི་བསྟན་པ་ལ་རྒྱལ་བ་གཉིས་པ་ལྟར་གྲགས་པའི་སྐྱེས་ཆེན་དམ་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེའི་ཐུགས་སྲས་གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །གསུམ་འབུམ་དེ་དག་གི་ཁྲོད་ནས་གྲུབ་ཐོབ་བརྒྱད་ཅུའི་རྣམ་ཐར་སོགས་དཔེ་སྣ་འགའ་རེའི་ལུང་རྒྱུན་ནི་སྔགས་འཆང་ཉིད་ཀྱི་དངོས་
ཀྱི་སློབ་མ་འཇུན་པ་ཆོས་རྗེ་ལ་ཐུག་པ་སྤྱན་སྔ་རིན་པོ་ཆེ།
དང་བརྒྱུད་པའི་སློབ་མ་གཞན་དག་ལས་ཀྱང་ནོས་མོད་ཀྱི་འདིར་བརྗོད་བདེ་བའི་ཕྱིར་གསུང་འབུམ་གྱི་དཀར་ཆག་བཞིན་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ།། ༈ །།འཇམ་མགོན་གྲུབ་པའི་དཔའ་བོ་པདྨའི་རྣམ་འཕྲུལ་བསོད་ནམས་དབང་པོའི་ཞལ་སྔ་ནས་ཀྱི་གསུང་རབ་རྣམས་ཀྱི་ལུང་ཐོབ་པའི་ཚུལ་ནི། མཐུ་སྟོབས་དབང་ཕྱུག་པདྨ་འབྱུང་གནས་དང་། །གང་ཐུགས་ཡེ་ཤེས་ངོ་བོ་རོ་གཅིག་པའི། །གྲུབ་མཆོག་དེད་དཔོན་བསོད་ནམས་དབང་པོའི་ཞབས། །གུས་པས་འདུད་དོ་བརྩེ་བས་གཟུང་དུ་གསོལ། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་སྙིགས་དུས་ཀྱི་གྲུབ་པའི་དབང་ཕྱུག་མཐུ་སྟོབས་ཀྱི་མངའ་བདག་ཆེན་པོ་འཇམ་པའི་དབྱངས་བྱམས་པ་དཔལ་ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་པའི་གསུང་རབ་རྣམས། དེའི་སློབ་བུའི་ཐ་ཆུང་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཕྱོགས་